འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལས་གྲྭ་གཙོ་བོ་ཞིབ་བཤེར་རྩིས་ལེན་ཐུབ་ནས་རྩིས་སྤྲོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལས་གྲྭ་གཙོ་བོའི་ཨར་ལས་རྩིས་སྤྲོད་དང་ཞིབ་བཤེར་རྩིས་ལེན་གྱི་ཚོགས་འདུ་ཟླ་2ཚེས་6ཉིན་ཀྲུའུ་ཧའེ་རུ་འཚོགས་ཤིང་། ཤང་ཀང་ལམ་སྲིད་ཧྲུའུ་དང་། ཨའོ་མོན་འཛུགས་སྐྲུན་འཕེལ་རྒྱས་གཞུང་ལས་ཁང་། ཀོང་ཏུང་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ས་ཁུལ་གསུམ་གྱི་མཉམ་འབྲེལ་ལས་དོན་ཨུ་ཡོན་ལྷན་ཁང་གི་གཞུང་ལས་ཁང་། ཀང་ཀྲུའུ་ཨའོ་ཟམ་ཆེན་དོ་དམ་ཅུས་དང་དེ་བཞིན་ཀོང་ཀྲོའུ་དང་། ཤང་ཀང་། ཨའོ་མོན་བཅས་ས་ཁུལ་གསུམ་གྱི་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་ལས་གྲྭ་གཙོ་བོའི་འཛུགས་སྐྲུན་ནང་ཞུགས་མཁན་ཚན་པ་ཁག་སོགས་ཁྱོན་ཚན་པ་43གྱི་འཐུས་མི་150ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཚོགས་འདུའི་ཐོག་ངོས་འཛིན་བྱས་དོན། ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ལས་གྲྭ་གཙོ་བོའི་སྤུས་ཚད་འགན་ལེན་མ་ལག་འཐུས་སྒོ་ཚང་བ་དང་། ཇུས་འགོད་དང་ལག་རྩལ་ཚད་ལྡན་གྱི་བླང་བྱ་དང་མཐུན་པ། ལས་རིམ་ཚོད་འཛིན་ནན་པོ་བྱས་པ། ལས་གྲྭའི་སྤུས་ཚད་བློ་འགེལ་ཆོག་པ་བཅས་ཡོད་པ་རེད། ཞིབ་བཤེར་རྩིས་ལེན་བྱེད་ཐབས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། རླངས་འཁོར་ཚོད་གཏོང་གི་ཆ་རྐྱེན་ལྡན་སྟབས་རྩིས་སྤྲོད་བེད་སྤྱོད་བྱ་རྒྱུའི་མོས་མཐུན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།