འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ན་ནིང་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་252.8ཟིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 16:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། 2017ལོར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་252.8ཟིན་པ་དེ་བསྡུར་གཞི་ཡོད་པའི་རིན་གོང་ཐོག་ནས་བརྩིས་ཚེ་དུས་མཚུངས་ལས་6.7%འཕར་བ་དང་འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.6གིས་མཐོ་རུ་ཕྱིན་ཡོད་པ་རེད།
         2017ལོར་རང་རྒྱལ་གྱི་ཟོག་འགྲེམས་འཁོར་རྒྱུག་སྤྱིར་ན་ཡག་པོ་ཡོད་པ་དང་སྤྱི་ཚོགས་ཀྱི་ཟོག་འགྲེམས་འཕར་ཚད་བརྟན་ཐོག་ཅུང་ཟད་འཕར་ཡོད་པ་རེད། ལོ་འཁོར་མོར་སྤྱི་ཚོགས་ཀྱི་ཟོག་འགྲེམས་སྤྱིའི་དགོས་མཁོ་བརྟན་ཐོག་ཅུང་ཟད་འཕར་བའི་འཕེལ་རྒྱས་ཀྱི་རྣམ་པ་མངོན་ཡོད་པ་རེད། དུས་ཚིགས་དབྱེ་ནས་བལྟས་ཚེ། དུས་ཚིགས་དང་པོར་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་56.7ཟིན་ཏེ་7.1%འཕར་བ་དང་བརྒྱ་ཆའི་གྲངས་1.1འཕར་ཡོད་པ་རེད།
         གྲུབ་ཆའི་ཐོག་ནས་བལྟས་ཚེ། 2017ལོར་བཟོ་ལས་དངོས་རྫས་ཀྱི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་234.5ཟིན་པ་དང་། ནང་འདྲེན་དངོས་ཟོག་གི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་12.5ཟིན་ནས་8.7%འཕར་བ། ཞིང་ལས་ཐོན་རྫས་ཀྱི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་3.7ཟིན་ནས་3.9%འཕར་བ་དང་བརྒྱ་ཆའི་གྲངས་0.8འཕར་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།