འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་སྤུས་བཤེར་ཅུད་ཀྱིས"12365"ཐད་གཏོང་མ་ལག་དྲ་སྦྲེལ་དུ་ཞུགས་
    ནས་ཉེར་སྤྱོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། "12365"ནི་ཐེར་འདོན་ཞུ་གཏུག་ཐག་གཅོད་དང་། འདྲི་རྩད་ཞབས་ཞུ། ཆ་འཕྲིན་བརྒྱུད་གཏོང་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་ཞབས་ཞུའི་ལས་སྟེགས་དང་། སྤུས་ཚད་ལྟ་སྐུལ་ཁོངས་གཏོགས་ཀྱི་སྲིད་འཛིན་ཁྲིམས་བསྟར་ལས་ཀའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་སྔོན། ལྷ་ས་གྲོང་ཁྱེར་གྱི"12365"ཐད་གཏོང་མ་ལག་དངོས་སུ་ཤར་གཏོང་བྱས་པ་མ་ཟད་ཁྱབ་གདལ་ཡང་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཐོག་དང་ཕྱོགས་ཡོངས། གནད་འཁེལ་བཅས་ཀྱི་ཐོག་ནས་རྒྱལ་ཡོངས་ཀྱི་ལག་རྩལ་སྤུས་ཚད་ལྟ་སྐུལ་སྲིད་འཛིན་ཁྲིམས་བསྟར་རིམ་པ་ཁག་གི་ལས་དོན་སྒྲུབ་པ་དང་། "12365"ཞབས་ཞུའི་ཐད་སྦྲེལ་ཁ་པར་ཐག་གཅོད་བྱེད་པའི་ཆ་འཕྲིན་ཕྱོགས་སྒྲིག་བསྡུ་རུབ་བྱེད་ཆེད། རྒྱལ་ཁབ་སྤུས་ཚད་ཞིབ་བཤེར་སྤྱི་ཁྱབ་ཅུད་ཀྱིས"12365"ཐད་གཏོང་མ་ལག་གསར་སྤེལ་སྒྲིག་འཛུགས་བྱས་ཏེ། སྤུས་བཤེར་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་རིམ་པ་ཁག་གིས་2017ལོའི་ལོ་མཇུག་ཏུ་དངོས་སུ་སྤྱོད་འགོ་འཛུགས་རེ་བཏོན་ཡོད། "12365"ཐད་གཏོང་མ་ལག་གིས"12365"རུ་ཐེར་འདོན་བྱས་པའི་ཆ་འཕྲིན་དང་། ཁྲིམས་བསྟར་ཞིབ་བཤེར། གྱོད་དོན་གྱི་ཆ་འཕྲིན། ཁེ་ལས་ཀྱི་ཆ་འཕྲིན་སོགས་ཕྱོགས་བསྡུས་ཀྱིས་དབྱེ་ཞིབ་བྱས་ནས། དེའི་ཁྲོད་ལས་དོ་སྣང་དགོས་པའི་ཐོན་རྫས་གཙོ་བོ་དང་། ཁེ་ལས་གཙོ་བོ། གནད་དོན་གཙོ་བོ་བཅས་ཤེས་པར་བྱེད་པ་དང་། སྤུས་ཚད་ལྟ་སྐུལ་དང་ཁྲོམ་རའི་ལྟ་སྐུལ་དོ་དམ་སྡེ་ཚན་རིམ་པ་ཁག་གི་ཁྲིམས་བསྟར་ལས་ཀའི་གནས་ཚུལ་ལ་དབྱེ་ཞིབ་བྱས་ནས། ས་གནས་ཁག་གི་འབྲེལ་ཡོད་ལས་དོན་སྒྲུབ་ཤུགས་ཆེ་རུ་གཏོང་བར་རོགས་སྐྱོར་བྱེད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།