འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ས་གནས་ཁག་གི་ཡུལ་སྐོར་བས་ལྷ་སར་དགུན་དུས་ཀྱི་དྲོད་འཇམ་ཉི་འོད་ལ་རོལ་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། “ཕོ་བྲང་པོ་ཏ་ལར་ཡུལ་སྐོར་བ་མང་བའི་དུས་ཀྱི་འཚང་ཁ་མེད་པར་ལོ་རྒྱུས་ཀྱི་ཁྱམས་རིང་དང་ཉི་འོད་འོག་གི་རྐུབ་སྟེགས་རིང་པོ་དེ་ང་གཅིག་པུར་དབང་བ་མ་ཟད། ནོར་བུ་གླིང་ཁ་དང་གྲོང་འདབས་ཀྱི་དགོན་སྡེར་ཡང་རུ་བསྒྲིགས་ནས་སྡོད་དགོས་ཀྱི་མི་འདུག”ཅེས་ཧང་ཀྲོའུ་ཡི་ཡུལ་སྐོར་བ་ཝུའུ་ཧྥུང་ཧྥུང་གིས་བརྗོད།
         དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་བྱེད་པ་དེ་ནི་བོད་རང་སྐྱོང་ལྗོངས་ཀྱིས་2018ལོའི་ཟླ་2ཚེས་1ཉིན་ནས་ཟླ་4ཚེས་30ཉིན་རིང་སྤེལ་བའི་བྱེད་སྒོ་ཞིག་ཡིན་པ་དང་དེའི་དམིགས་ཡུལ་ནི་ཡུལ་སྐོར་བ་དེ་བས་མང་བ་བོད་ལྗོངས་སུ་ཡོང་ནས་དཔལ་འབྱོར་གོང་འཕེལ་ལ་སྐུལ་མ་གཏོང་རྒྱུ་དེ་རེད།
         ཉི་འོད་དང་དུས་བྱ་ཡོད་ལ་ད་དུང་རྫོང་རྒྱབ་ཀླུ་ཁང་དུ་བག་ཕེབས་ངང་ཅི་དགར་རོལ་བའི་ཆུ་བྱ་ཆུང་ཆུང་ཡང་ཡོད། ལྷ་སའི་གྲོང་ཁུལ་དུ་འཆམ་འཆམ་དུ་བསྐྱོད་དེ་སྔ་དྲོ་རླངས་པ་འཚུབ་འཚུབ་ཀྱི་བོད་ཐུག་ཕོར་པ་གང་འཐུང་བ་དང་ཕྱི་དྲོ་གཙུག་ལག་ཁང་ཉེ་འགྲམ་གྱི་ཇ་ཁང་ནས་ཇ་མངར་མོ་ཇ་དམ་གང་བླངས་ནས་བསྡད་ཚེ་དེ་གར་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་འཆར་ལ་ཉེ་བའི་འཁྲུག་ཆ་ཡོད་ལ། དེ་བས་སྐྱིད་སྣང་དོད་པའི་ཉི་འོད་ཉམས་སུ་མྱོང་ཐུབ་པས་མ་ཚད། ལྷ་སའི་མི་རྣམས་ཀྱི་འཚོ་བ་སྐྱེལ་སྟངས་ཀྱང་ཤེས་ཐུབ། དེ་ནི་ཆེས་ཐུན་མོང་མ་ཡིན་པའི་ལྷ་སའི་མྱོང་རོལ་ཞིག་རེད།
         ནང་སོག་གི་ཡུལ་སྐོར་བ་ཀྲའོ་ཅེ་ཚེས་1ཉིན་ལྷ་སར་འབྱོར་བ་དང་དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི་བྱེད་སྒོ་དང་ཏག་ཏག་སྐབས་འཁེལ་བས་Aརིམ་པའི་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་ཉོ་དགོས་ཀྱི་མེད། ཁོང་གིས“དགུན་དུས་ལྷ་སར་ཡུལ་སྐོར་བྱེད་སྐབས་སྣང་བ་སྐྱིད་ཤོས་ནི་གཏེར་སྒྲོམ་ཆུ་ཚན་དུ་བརྒལ་ནས་མགོ་བོ་མཐོན་པོར་བཏེགས་ཏེ་ནམ་མཁར་ལྟ་སྐབས་མིག་ལམ་དུ་འཆར་བ་ནི་བཀྲག་མདངས་འཚེར་བའི་སྐར་ཚོགས་ཡིན་པ་དང་ལུས་པོ་ཆུ་ཚན་ནང་ཚ་སོབ་སོབ་ཏུ་གྱུར་ཏེ་ལུས་སེམས་བདེ་ལ་འཁོད་པ་དེ་རེད་འདུག”ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།