འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དངུལ་ཁང་མཉམ་འབྲེལ་རྒྱལ་སྤྱི་དང་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་མཉམ་ལས་བྱས་
    ཏེ་ཨ་ཧྥེ་རི་ཁར་དངུལ་ཁང་མཉམ་འབྲེལ་གཱ་ནས་དངུལ་གཏོང་སྤྲོད་བྱ་རྒྱུ་ཁྱབ་གདལ་གཏོང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དངུལ་ཁང་མཉམ་འབྲེལ་རྒྱལ་སྤྱི་དང་ལྷོ་ཨ་ཧྥེ་རི་ཁའི་ཚད་ལྡན་དངུལ་ཁང་དབར་ཚེས་5ཉིན་གཡོད་ཧན་ནེ་སི་པའོ་རུ་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་། དངུལ་ཁང་མཉམ་འབྲེལ་རྒྱལ་སྤྱིས་ཚད་ལྡན་དངུལ་ཁང་གི་ཨ་ཧྥེ་རི་ཁ་ཁྲོམ་རའི་དྲ་རྒྱའི་ཐབས་ལམ་ལ་བརྟེན་ནས་དངུལ་ཁང་མཉམ་འབྲེལ་གཱ་ནས་དངུལ་གཏོང་སྤྲོད་བྱེད་པའི་ཞབས་ཞུ་ཁྱབ་གདལ་གཏིང་ཟབ་བཏང་སྟེ་ཀྲུང་ཧྥེའི་དབར་གྱི་དཔལ་འབྱོར་ཚོང་དོན་ལ་དེ་བས་སྟབས་བདེ་བསྐྲུན་རྒྱུ་རེད། ཚད་ལྡན་དངུལ་ཁང་དེ་ཡང་དེ་དང་བསྟུན་ནས་ཨ་ཧྥེ་རི་ཁར་དངུལ་ཁང་མཉམ་འབྲེལ་གཱ་ཡི་ཐོབ་ཐང་ལྡན་པའི་དངུལ་རྩའི་སྒྲིག་གཞི་དང་པོ་དེར་གྱུར་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཕྱོགས་གཉིས་པོའི་འཆར་གཞིའི་ནང་2018ལོའི་ལོ་མཇུག་གོང་དུ་དངུལ་ཁང་མཉམ་འབྲེལ་གཱ་ཁྱབ་ཚུལ་དཔེ་རིས་དང་སྤྱོད་མཁན་ཨ་ཧྥེ་རི་ཁའི་རྒྱལ་ཁབ་མང་པོར་སྣུར་སྲིང་བྱ་རྩིས་ཡོད། སླད་ཕྱིན་དངུལ་ཁང་མཉམ་འབྲེལ་གཱ་ཡོད་པའི་ཚད་ལྡན་དངུལ་ཁང་གི་འཛད་སྤྱོད་པ་ཚོས་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ལས་སྟེགས་ཐོག་ཞུགས་ནས་རྒྱང་རིང་གི་ཚོང་ཟོག་ཉོ་ཐུབ་པ་དང་འབྲེལ་དྲ་ཐོག་ནས་དངུལ་ཡང་སྤྲོད་ཆོག་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།