འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་གར་གྱིས“མེ་ལྕེ་དྲག་པོ—1”རྟགས་ཅན་གྱི་ལེགས་གཏོང་རྣམ་པའི་མདེལ་ལམ་
    འཕུར་མདའ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཚོད་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་08ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། རྒྱ་གར་གྱིས་ཤར་རྒྱུད་ཨའོ་ཏི་ཧྲ་མངའ་སྡེ་གཱ་ལ་མུའུ་གླིང་ཕྲན་གྱི་ཕྱོགས་བསྡུས་ཚོད་ལྟ་བྱ་ཡུལ་དུ“མེ་ལྕེ་དྲག་པོ—1”རྟགས་ཅན་གྱི་ལེགས་གཏོང་རྣམ་པའི་མདེལ་ལམ་འཕུར་མདའ་གྲུབ་འབྲས་ཐོབ་པའི་སྒོ་ནས་ཚོད་གཏོང་བྱས་པ་རེད།
         “མེ་ལྕེ་དྲག་པོ—1”རྟགས་ཅན་གྱི་འཕུར་མདའ་དེ་རྒྱ་གར་གྱི་རྒྱལ་སྲུང་ཞིབ་འཇུག་དང་འཕེལ་རྒྱས་རྩ་འཛུགས་ཀྱིས་ཇུས་འགོད་བྱས་པའི་ལམ་ཚད་ཐུང་འབྲིང་གི་མདེལ་ལམ་འཕུར་མདའི་རིགས་ཤིག་ཡིན་པ་དང་འཕེན་གཏོང་གི་ལམ་ཚད་སྤྱི་ལེ་700ནས་1250བར་ཡིན་པ་དང་ནུས་ལྡན་གྱི་ཐེག་ཚད་སྤྱི་རྒྱ་1000ཙམ་ཡིན་པས་སྲ་གཟུགས་ཀྱི་འབུད་རྫས་སྤྱད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།