འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ཁོར་ཡུག་ལ་མཛེས་བཟོ་བྱས་ནས"དུས་
    ཆེན་གཉིས"བསུ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 16:58】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཕོ་བྲང་པོ་ཏ་ལའི་ཉེ་འཁོར་གྱི་ཁོར་ཡུག་ལ་མཛེས་བཟོ་བྱས་ནས'དུས་
ཆེན་གཉིས'བསུ་བ།
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ཤར་ལ་ཉེ་བའི་མཚམས་འདིར། རྒྱ་ཆེའི་གྲོང་མི་རྣམས་ལ་ཁོང་ཡུག་གཙང་ཞིང་གྲ་འགྲིག་ལ་མཛེས་སྡུག་ལྡན་པ་ཞིག་བསྐྲུན་ཆེད། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཅེ་ཏ་སྐྱེད་ཚལ་ཀུང་སིའི་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་། ཕོ་བྲང་པོ་ཏ་ལ་ཐང་ཆེན་སྔོ་ལྗང་ཅན་དུ་འགྱུར་བའི་གསབ་འཛུགས་དང་ཡལ་བཞུར། གཙང་སྦྲ་རྒྱུན་འཁོད་བཅས་ཀྱི་ལས་དོན་སྒྲུབ་འགན་འཁུར་བའི་སྐྱེད་ཚལ་བཟོ་པ་ཚོས་ཉིན་ཤས་བསྟུད་མར་རྫོང་རྒྱབ་ཀླུ་ཁང་སྤྱི་གླིང་དང་ཕོ་བྲང་པོ་ཏ་ལ་ཐང་ཆེན་གྱི་སྔོ་ལྗང་ཁུལ་དུ་ལྷུང་བའི་ལོ་མ་གཙང་བཤེར་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་རྣམ་པ་སྔར་ལས་མཛེས་སྡུག་ཡིད་འོང་ཡོང་བར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།