འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།2017ལོར་མི་ཁྲི་7.1ཙམ་གྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་
    དགོངས་དོན་དང་འགལ་བའི་དབང་གིས་ཐག་གཅོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་རྟོག་ཞིབ་སྡེ་ཁག་གི་དྲ་ཚིགས་སུ་སྤེལ་བའི་གཞི་གྲངས་ལས་མངོན་པ་ལྟར་ན། 2017ལོའི་ཟླ་12ནང་རྒྱལ་ཡོངས་སུ་ཀྲུང་དབྱང་གི་དགོངས་དོན་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་7594ཞིབ་བཤེར་ཐུབ་ཡོད་པ་དང་། མི་གྲངས་10672ཐག་གཅོད་བྱས་ཡོད་པ་རེད། དེའི་བར་དུ། 2017ལོར་རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་51008ཞིབ་བཤེར་ཐུབ་ཡོད་པ་དང་། མི་གྲངས་71644ཐག་གཅོད་བྱས་ཡོད་པ་རེད།
         ཞིབ་བཤེར་ཐག་གཅོད་བྱས་པའི་ལས་བྱེད་པའི་རིམ་པའི་ངོས་ནས་བལྟས་ན། 2017ལོའི་ཟླ་12པའི་ནང་ཐིང་རིམ་པའི་ལས་བྱེད་པ་ཁྱོན་བསྡོམས་མི་གྲངས་111དང་། རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་མི་གྲངས་986ཙམ་གྱིས་ཀྲུང་དབྱང་གི་དགོངས་དོན་དོན་ཚན་བརྒྱད་དང་འགལ་བའི་དབང་གིས་ཐག་གཅོད་བྱས་པ་རེད། ཞིབ་བཤེར་ཐག་གཅོད་བྱས་པའི་གནད་དོན་གྱི་རིགས་ནས་བལྟས་ན། སྒྲིག་ཁྲིམས་དང་འགལ་ཏེ་ཁ་གསབ་སྤྲད་པའམ་ཕན་བདེ་སྤྲད་པའི་གནད་དོན་གྱི་རིགས་2187ཡོད་པ་དང་། སྒྲིག་ཁྲིམས་དང་འགལ་ཏེ་ཅ་དངོས་དང་དངུལ་ལག་རྟགས་སུ་སྤྲད་པའི་གནད་དོན་1272  སྒྲིག་ཁྲིམས་དང་འགལ་ཏེ་སྤྱི་དངུལ་བེད་སྤྱད་ནས་ཟ་འཐུང་བྱས་པའི་གནད་དོན་1229 སྒྲིག་ཁྲིམས་དང་འགལ་ནས་གཞུང་གི་རླངས་འཁོར་བེད་སྤྱད་པའི་གནད་དོན་1144 མཉེན་སྒྲིག་རྒྱས་གཤོམ་དང་དུས་མཆོད་རྒྱས་པོ་བཏང་བའི་གནད་དོན་739 སྤྱི་དངུལ་བེད་སྤྱད་ནས་རྒྱལ་ནང་དུ་ཡུལ་སྐོར་ལ་བསྐྱོད་པའི་གནད་དོན་321 སྒྲིག་ཁྲིམས་དང་འགལ་ཏེ་མགྲོན་ཁང་
    དང་ཚོང་ཁང་གི་གནད་དོན་169 སྤྱི་དངུལ་བེད་སྤྱད་དེ་ཕྱི་རྒྱལ་དུ་ཡུལ་སྐོར་ཕྱིན་པའི་གནད་དོན་18བཅས་ཡོད་ལ། གནད་དོན་གཞན་པ་515ཡོད་པ་རེད།
         ལོ་འཁོར་གྱི་གཞི་གྲངས་ཐོག་ནས་བལྟས་ན། 2017ལོར་རྒྱལ་ཡོངས་སུ་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་51008ཞིབ་བཤེར་ཐག་གཅོད་བྱས་པ་ལས། མི་གྲངས་71644ཐག་བཅད་བྱས་ཡོད་པ་དང་། 2016ལོའི་གཞི་གྲངས་ནི་སོ་སོར་གནད་དོན་40827དང་མི་གྲངས་57723ཡིན་པ་རེད། ཞིབ་བཤེར་བྱས་ཚུལ་གྱི་ཐོག་ནས། ཞིབ་བཤེར་ལས་ཁུངས་རིམ་པ་ཁག་གིས་ཀྲུང་དབྱང་གི་དགོངས་དོན་དོན་ཚན་བརྒྱད་དང་འགལ་བའི་གནད་དོན་ལ"བཟོད་སྒོམ་གཏན་ནས་མི་བྱེད་པ"མཐའ་འཁྱོངས་བྱེད་ཀྱི་ཡོད་པ་དང་། ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་བཏང་བ་དང་། དེ་དང་མཉམ་དུ། "སྤྱོད་ཚུལ་བཞི"ཡོ་བསྲང་བྱ་རྒྱུ་མཚམས་འཇོག་རྒྱུ་མེད་པར་ནམ་ཡང་ལམ་དུ་བསྐྱོད་དགོས་པ་དྲན་སྐུལ་བྱས་ཚུལ་མཚོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།