འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་གྱི་ནོར་སྲིད་དང་དཔྱ་ཁྲལ་གཉིས་ཀྱི་ཡོང་འབབ་
    དུང་ཕྱུར་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཁུལ་ནས་ཤེས་རྟོགས་བྱུང་གསལ་དུ། 2017ལོའི་སྣེ་གདོང་ཁུལ་གྱི་ནོར་སྲིད་དང་དཔྱ་ཁྲལ་གཉིས་ཀྱི་ཡོང་འབབ་སྒོར་དུང་ཕྱུར་ལས་བརྒལ་བས། ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་གཏོད། 
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོར། སྣེ་གདོང་ཁུལ་གྱིས་སྔོན་དཔག་བྱས་པའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་50.07ལེགས་སྒྲུབ་བྱུང་ནས།(དེའི་ནང་གྲོང་ཁྱེར་ཐད་གཏོགས་)ན་ནིང་ལས་14.23%འཕར་སྣོན་བྱུང་བ་རེད། གཏན་འཇགས་རྒྱུ་ནོར་ལ་དངུལ་འཇོག་སྒོར་དུང་ཕྱུར་43.2ཟིན་ནས། ན་ནིང་ལས་63.36%འཕར་སྣོན་བྱུང་བ་རེད། ནོར་སྲིད་ཡོང་འབབ་སྒོར་དུང་ཕྱུར་1.28བྱུང་ནས། ན་ནིང་ལས་96.17%འཕར་སྣོན་བྱུང་བ་རེད། ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར་1.73བྱུང་ནས། ན་ནིང་ལས་104%འཕར་སྣོན་བྱུང་བ་རེད། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་38.21(དེའི་ནང་གྲོང་ཁྱེར་ཐད་གཏོགས་)བྱུང་ནས། ན་ནིང་ལས་13%འཕར་སྣོན་བྱུང་བ་རེད། གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་1.4བྱུང་ནས། ན་ནིང་ལས་13%འཕར་སྣོན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།