འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་རྩེ་རྫོང་གྱིས་བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཤེར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བགྲོད་ལམ་འགྲིམ་འགྲུལ་གྱི་དོ་དམ་ལས་ཀ་ཡག་པོར་གྲུབ་ཆེད། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཤེར་སྐྱོང་ལ་ཤུགས་སྣོན་རྒྱག་ཆེད། ཉེ་ཆར། རྒྱལ་རྩེ་རྫོང་བདེ་འཇགས་ལྟ་སྐུལ་ཅུད་དང་རྫོང་དེའི་སྤྱི་བདེ་ཉེན་རྟོག གཞུང་ལམ་བདག་སྐྱོང་དུམ་བུ། རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུད་སོགས་འབྲེལ་ཡོད་སྡེ་ཚན་ཁག་གིས་མཉམ་འབྲེལ་ཐོག་རྒྱལ་རྩེ་རྫོང་ཁོངས་གཏོགས་ཁུལ་གྱི་རྒྱལ་ལམ་349དང་རྒྱལ་ལམ་562 རྫོང་དང་ཤང་། གྲོང་གསེབ་ཀྱི་ལམ་བཅས་མཉམ་འབྲེལ་ཐོག་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་བཤེར་ཡོད་པ་རེད།
         ད་རེས་གཙོ་བོ་མཐོང་ལམ་མི་བཟང་བའི་དུམ་ངན་དང་། འགྲིམ་འགྲུལ་མཚོན་རྟགས་འགེལ་བྱང་། བདེ་འཇགས་འགོག་སྲུང་སྒྲིག་བཀོད་མེད་པའམ་ཆག་སྐྱོན་བྱུང་བ། བགྲོད་ལམ་གཡས་གཡོན་གྱི་ལྗོན་ཤིང་གིས་རླངས་འཁོར་མཐོང་ལམ་སྒྲིབ་པ་བཅས་བཤེར་རྒྱུ་ནི་ནང་དོན་གཙོ་བོ་ཡིན་པ་རེད། དེའི་རིང་ལ། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ས་ཚིགས་ཁྱོན་བསྡོམས་9བཤེར་ནས། མངོན་མེད་རྐྱེན་ངན་དང་གནད་དོན་བཤེར་ཐུབ་པ་དེ་དག རྫོང་བདེ་བཤེར་ཅུད་ཀྱི་འབྲེལ་ཡོད་སྡེ་ཁག་གིས་དུས་ཐོག་ཏུ་བཅོས་སྒྲིག་བྱེད་ཐུབ་ན་འཕྲལ་དུ་བཅོས་སྒྲིག་བྱ་རྒྱུ་དང་། དུས་ཐོག་ཏུ་བཅོས་སྒྲིག་བྱས་མ་ཚར་ན་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་པ་མ་ཟད་མངོན་མེད་རྐྱེན་ངན་གྱི་ཡིག་ཆ་ཞིག་བཟོ་དགོས་པ་རེད། ད་རེས་ཀྱི་བཤེར་ལས་བརྒྱུད་ནས། རྫོང་ཡོངས་ཀྱི་ཁོངས་གཏོགས་ཁུལ་གྱི་བགྲོད་ལམ་འགྲིམ་འགྲུལ་གྱི་ད་ལྟའི་གནས་ཚུལ་སྔར་ལས་གསལ་པོ་རྟོགས་པར་བྱས་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཁུག་ཀྱོག་མ་ལུས་པ་དང་། བགྲོད་ལམ་འགྲིམ་འགྲུལ་བདེ་འཇགས་ཡག་པོ་དང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།