འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་
    ཚོགས་ཀྱི་རྣམ་གྲངས་མང་པོར་ཞུགས་རྒྱུའི་ཐད་གཅིག་མཐུན་བྱུང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་18ཉིན། 13:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱིས་ཁོ་རེ་ཡ་བྱང་མ་ཕིང་ཁྲང་དགུན་དུས་ཨོ་རྩལ་འགྲན་
ཚོགས་ཀྱི་རྣམ་གྲངས་མང་པོར་ཞུགས་རྒྱུའི་ཐད་གཅིག་མཐུན་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས་17ཉིན། ཁོ་རེ་ཡ་བྱང་མ་དང་ཁོ་རེ་ཡ་ལྷོ་མ་གཉིས་ཀྱི་འཐུས་ཚབ་པས་པན་མཱན་ཏེན་ཁོ་རེ་ཡ་བྱང་ངོས་ཀྱི"ཞི་བདེའི་ཁྱིམ་ཚང"དུ་ཁོ་རེ་བྱང་མས་མངགས་པའི་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་ཞུགས་རྒྱུ་ཐད་ཚོགས་པའི་མཐོ་རིམ་འགན་འཁུར་དཔོན་དང་གྲོས་མོལ་བྱས་པ་མ་ཟད་དོན་དག་མང་པོ་གཅིག་མཐུན་བྱུང་ཡོད་པ་རེད།
         ཕྱོགས་གཉིས་པོས་ཉིན་དེར་སྤེལ་བའི་ཐུན་མོང་གི་གནས་འཕྲིན་ཡིག་ཆར་གཞིགས་ན། ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱིས་ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་ཏུ"ཁོ་རེ་ཡ་བྱང་མའི་དར་ཆ"ཡང་མཉམ་དུ་ཚོགས་ར་བསྒྲེངས་རྒྱུ་དང་། ཁོ་རེ་ཡ་ལྷོ་བྱང་གཉིས་ཀྱིས་བུ་མོའི་འཁྱགས་འདྲེད་སྤོ་ལོའི་འགྲན་ཚན་རུ་ཁག་མཉམ་འཛུགས་འགྲན་ཞུགས་བྱེད་རྒྱུ་ཡིན་པ་རེད།
         ཁོ་རེ་ཡ་བྱང་མས་མི་གྲངས་230ལྷག་ཙམ་ལས་གྲུབ་པའི་ངར་སློང་རུ་ཁག་ཁོ་རེ་ཡ་ལྷོ་མ་རུ་འཚམས་འདྲིར་མངགས་རྒྱུ་དང་། ཕིང་ཁྲང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་སུ་ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱི་འགྲན་ཞུགས་པར་ཤུགས་རྒྱག་རོགས་བྱེད་རྒྱུ་ཡིན་པ་དང་། ཁོ་རེ་ཡ་བྱང་མའི་ངར་སློང་རུ་ཁག་གིས་ཁོ་རེ་ཡ་ལྷོ་མའི་ངར་སློང་རུ་ཁག་དང་མཉམ་དུ་འགྲན་ཞུགས་པར་ཤུགས་རྒྱག་རོགས་བྱེད་རྒྱུ་ཡིན་པ་རེད། ཁོ་རེ་ཡ་བྱང་མ་དང་ལྷོ་མ་གཉིས་ཀྱིས་ཉི་ཧོང་དུ་ཡོད་པའི་ཁོ་རེ་ཡ་ཡིན་པའི་ངར་སློང་རུ་ཁག་གི་བྱེད་སྒོར་འགན་ལེན་བྱེད་རྒྱུ་ཡིན་པ་རེད།
         ཁོ་རེ་ཡ་བྱང་མས་མངགས་པའི་གསར་འགོད་པའི་ཚོགས་པས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པའི་ཁོ་རེ་ཡ་བྱང་མའི་འགྲན་ཞུགས་མི་སྣ་དང་། ངར་སློང་རུ་ཁག་ལ་བཅའ་འདྲི་བྱས་ནས་གནས་འཕྲིན་སྤེལ་རྒྱུ་ཡིན་པ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བཅའ་འདྲི་དང་རོགས་སྐྱོར་ཁྱབ་ཁོངས་ཀྱི་དོན་དག་ལ་རྒྱལ་སྤྱིའི་ཨོ་རྩལ་ཚོགས་པ་དང་ཕྱོགས་གཉིས་ཀྱི་རྒྱལ་ཁབ་ཨོ་རྩལ་འགྲན་ཚོགས་དང་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ་ཡིན་པ་རེད།
         ཉིན་དེར་དངོས་དོན་གྲོས་མོལ་ལ་ཞུགས་མཁན་ཁོ་རེ་ཡ་བྱང་མའི་འཐུས་མི་ཚོགས་པའི་ཚོགས་གཙོ་ནི་ཁོ་རེ་ཡའི་མེས་རྒྱལ་ཞི་བདེ་གཅིག་གྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཐེན་ཀྲུང་ཞིའུ་དང་། ཁོ་རེ་ཡ་ལྷོ་མའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་ཁོ་རེ་ཡ་ལྷོ་མའི་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པ་ཆན་ཧའེ་ཁྲེང་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།