འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཉིང་ཞ་ཡིས་2017ལོར་སློབ་སྦྱོང་དུས་མཚམས་ཁག་གི་སློབ་མ་མི་ཐེངས་ཁྲི་48ལྷག་ཙམ་
    ལ་རོགས་སྐྱོར་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:16】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གོང་ཚེས་ཉིན་གསར་འགོད་པར་ཉིང་ཞའི་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར། 2017ལོའི་ལོ་མཇུག་བར་ལྗོངས་དེ་ཡོངས་སུ་སློབ་སྦྱོང་དུས་མཚམས་ཁག་གི་རོགས་སྐྱོར་སློབ་མ་ཁྱོན་མི་ཐེངས་ཁྲི་48ལྷག་ཙམ་ཡོད། རིམ་ཁག་ནོར་སྲིད་ཀྱིས་རིམ་རྩིས་བྱས་ན་སློབ་མའི་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་6.75བཀོད་སྒྲིག་བྱས་པ་དེ་2016ལོ་ལས་སྒོར་དུང་ཕྱུར་1.28(རྒྱལ་ཁུངས་སློབ་མའི་ཡིད་རྟོན་སློབ་སྐྱོར་དངུལ་བུན་ཚུད་མེད)འཕར་ཡོད། རོགས་སྐྱོར་སྲིད་ཇུས་མ་ལག་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་དང་ཆབས་ཅིག་རོགས་སྐྱོར་ཐོབ་མཁན་སློབ་མ་ཡང་ཇེ་མང་དུ་སོང་ནས“སློབ་མ་གཅིག་ཀྱང་འཚོ་བ་དབུལ་བའི་རྐྱེན་གྱིས་སློབ་ཤོར་མི་ཡོང་བའི”འགན་ལེན་བྱུང་བ་རེད།
         2017ལོར་ལྗོངས་དེ་ཡོངས་ཀྱི་མཐོ་རིམ་སློབ་གསོས་སློབ་མ་མི་ཐེངས་ཁྲི་12ལ་རྒྱལ་ཁབ་ཀྱི་བྱ་དགའ་དང་རོགས་སྐྱོར་སོགས་ཀྱི་མ་དངུལ་སྒོར་དུང་ཕྱུར་2ལྷག་ཙམ་སྤྲད་པ་དང་། འབྲིང་རིམ་ལས་རིགས་སློབ་གསོས་སློབ་མ་མི་ཐེངས་ཁྲི་10.41ལ་རྩ་ཆག་གསུམ་དང་། ཁ་གསབ་གཅིག རོགས་སྐྱོར་གཅིག་བཅས་ཀྱི་མ་དངུལ(རྒྱལ་ཁབ་ཀྱི་སློབ་སྐྱོར་མ་དངུལ་དང་། སློབ་ཡོན་རྩ་ཆག རི་ཁུལ་གྱི་རྫོང་དགུའི་འབྲིང་རིམ་ལས་རིགས་སློབ་གྲྭའི་ཞག་སྡོད་གྲོན་དངུལ་དང་དེབ་རིན་རྩ་ཆག འཚོ་བའི་གྲོན་དངུལ་ཁ་གསབ)སྒོར་དུང་ཕྱུར་1.85སྤྲད་པ། མཐོ་འབྲིང་དཀྱུས་མའི་སློབ་གསོས་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་དང་ཡིག་ཚགས་དང་གཱ་བཟོས་པ་སོགས་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་སློབ་མ་མི་ཐེངས་ཁྲི་7གྱི་སློབ་ཡོན་སྒོར་དུང་ཕྱུར་1.1རྩ་ཆག་བཏང་བ། འོས་འགན་སློབ་གསོས་ཞག་སྡོད་སློབ་མ་མི་ཐེངས་ཁྲི་11.57ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་1.13སྤྲད་པ། སློབ་ཞུགས་གོང་གི་སློབ་གསོས་བྱིས་པ་མི་ཐེངས་ཁྲི་7.73ལ་ཆེད་སྤྱོད་མ་དངུལ་སྒོར་ཁྲི་5700ལྷག་ཙམ་སྤྲད་པ་རེད།
         གཞན་ཡང་ན་ནིང་ལྗོངས་དེ་ཡོངས་ཀྱིས་རྒྱལ་ཁུངས་སློབ་མའི་སློབ་སྐྱོར་དངུལ་བུན་ཐད་ཀྱི་གོ་ཆོད་གན་རྒྱ་ཁྱོན་71924བཞག་པ་དང་དངུལ་བུན་གཏོང་གྲངས་སྒོར་དུང་ཕྱུར་4.45ཟིན་པ་དེ་2016ལོ་ལས་སྒོར་ཁྲི་1900ལྷག་ཙམ་འཕར་ནས་སླར་ཡང་མཐོ་ཚད་གསར་པར་སླེབས་པ་དང་། “བུན་གཏོང་དགོས་རིགས་ཚང་མར་བུན་གཏོང་ཐུབ་པ”བྱུང་བ། མཐོ་སློབ་སློབ་མ་གསར་པ་22908“ལྗང་མདོག་འགྲོ་ལམ”བརྒྱུད་སློབ་ཞུགས་ཐུབ་པའི་ནང་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་ཁྱིམ་ཚང་གི་མཐོ་སློབ་སློབ་མ་གསར་པ་14804ཡི་སློབ་ཡོན་དང་ཞག་སྡོད་གྲོན་དངུལ་སྒོར་ཁྲི་13859.84དུས་འགྱངས་བྱས་པ་དང་དངོས་ཚན་དང་ཆེད་ཚན་གྱི་སློབ་མ་གསར་པ་5637ལ་འཚོ་བའི་ཁ་གསབ་རོགས་དངུལ་སྒོར་ཁྲི་386.74སྤྲད་པ་ཚུད་ཡོད།
         ད་ཕན་ལོ་ཤས་རིང་། ཉིང་ཞའི་སློབ་མའི་རོགས་སྐྱོར་སྲིད་ཇུས་མ་ལག་སྔར་བས་འཐུས་སྒོ་ཚང་དུ་ཕྱིན་ཞིང་། 2017ལོའི་དཔྱིད་ཀའི་སློབ་དུས་ནས་བཟུང་ད་ལྟ་ལག་ལེན་བསྟར་བཞིན་པའི་སློབ་ཞུགས་གོང་གི་སློབ་གསོའི་རོགས་སྐྱོར་སྲིད་ཇུས་ཀྱི་རྨང་གཞིའི་སྟེང་ལྗོངས་དེ་ཡོངས་ཀྱི་རྫོང་རིམ་པ་ཡན་གྱི་སློབ་གསོ་སྲིད་འཛིན་སྡེ་ཚན་གྱིས་ཞིབ་མཆན་བཀོད་པ་བརྒྱུད་བཙུགས་པའི་བུ་བཅོལ་ཁང་དུ་སློབ་གྲྭར་འགྲོ་བཞིན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོའི་སློབ་ལོ་ལོན་པའི་བྱིས་པ(གྲོང་གསེབ་ཀྱི་ཡིག་ཚགས་དང་གཱ་བཟོས་མེད་པའི་དུད་ཚང་དབུལ་པོའི་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་བྱིས་པ་ཚུད་པ)ཚང་མར“རྩ་ཆག་གཅིག་དང་ཁ་གསབ་གཅིག”གི་རོགས་སྐྱོར་སྲིད་ཇུས་ལག་བསྟར་བྱས་པ་སྟེ། སློབ་མ་རེར་ལོ་རེར་སྒོར་1500ཡི་ཚད་གཞི་ལྟར་གསོ་སྐྱོང་དང་སློབ་ཁྲིད་གྲོན་དངུལ་རྩ་ཆག་བཏང་བ་དང་སློབ་མ་རེར་ལོ་རེར་སྒོར་900ཡི་ཚད་གཞི་ལྟར་ལྟོ་ཆས་གྲོན་དངུལ་ཁ་གསབ་བྱས་ནས་སྲིད་ཇུས་གཉིས་ལོངས་སུ་སྤྱོད་རྒྱུ་མི་བཟློས་པ་བྱས་པ་དང་། ཀུའུ་ཡོན་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་འབྲིང་རིམ་ལས་རིགས་སློབ་གྲྭའི་སློབ་མའི་ཞག་སྡོད་གྲོན་དངུལ་དང་དེབ་རིན་རྩ་ཆག་དང་འཚོ་བའི་གྲོན་དངུལ་ཁ་གསབ་ཀྱི་རོགས་སྐྱོར་གཞི་རྒྱ་རི་ཁུལ་གྱི་རྫོང(ཆུས)དགུ་བར་ཆེ་རུ་བཏང་བ། ཉིང་ཞ་འདི་ཉིད་རྒྱལ་ཁབ་ཀྱི་ཞིབ་འཇུག་སློབ་མའི་སློབ་བསྡུའི་འཆར་གཞིའི་ནང་གི་ཉིན་གང་ལམ་ལུགས་ཀྱི་འབུམ་རམས་སློབ་མ(གླ་ཕོགས་གཏན་འཇགས་ཡོད་པ་ཕུད)ཡི་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་གྱི་ཚད་གཞི་དེ་སློབ་མ་རེར་ལོ་རེར་སྒོར་10000ནས་སློབ་མ་རེར་ལོ་རེར་སྒོར་15000བར་མཐོ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།