འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོ་པེ་ཞིང་ཆེན་གྱིས་བུད་མེད་ཁྲི་ཡན་ཁྱིམ་སྐྱོང་ཁྱབ་ཁོངས་སུ་ལས་ཞུགས་བྱ་རྒྱུར་ཁྲིད་སྟོན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:09】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཧོ་པེ་ཞིང་ཆེན་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ། འདི་ལོ་ཧོ་པེ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བུད་མེད་ཁྱིམ་སྐྱོང་ཞབས་ཞུའི་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ“ཧོ་པེའི་བུད་མེད”ཀྱི་ཁྱིམ་སྐྱོང་སྤུས་རྟགས་ཧུར་ཐག་བཏོད་པ་དང་། ཞིང་ཆེན་ཡོངས་ཀྱིས་བུད་མེད་མི་ཐེངས་ཁྲི་2ལ་གསོ་སྦྱོང་བྱས་ཏེ་བུད་མེད་ཁྲི་1ཁྱིམ་སྐྱོང་ཞབས་ཞུའི་ཁྱབ་ཁོངས་སུ་ལས་ཞུགས་ཐུབ་རྒྱུར་ཁྲིད་སྟོན་བྱ་རྒྱུའི་ཁར་པེ་ཅིང་དང་ཐེན་ཅིན་ས་ཁུལ་དུ“ཧོ་པེའི་བུད་མེད”ཀྱི་ཁྱིམ་སྐྱོང་ཞབས་ཞུ་བ་མི་ཐེངས་6000མཁོ་འདོན་ཡང་བྱ་རྒྱུ་རེད།
         ཧོ་པེ་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བུད་མེད་འཕེལ་རྒྱས་པུའི་པུའུ་ཀྲང་ཀྲང་ཅི་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཞིང་ཆེན་ཡོངས་ཀྱིས་བུད་མེད་ཀྱི་ཁྱིམ་སྐྱོང་ཞབས་ཞུའི་ལས་རིགས་འགྲན་བསྡུར་ཆེན་པོ་དང“ཧོ་པེའི་བུད་མེད”འོས་འདེམས་བྱེད་སྒོ་སོགས་སྤེལ་ནས་རྩལ་ནུས་བྱང་ཆུབ་པའི“ཧོ་པེའི་བུད་མེད”ཁག་གཅིག་བདམས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།