འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་རྩ་ཆེའི་རིག་དངོས་ཞི་ཧུའུ་ཡི་མཛེས་རྩལ་ཁང་དུ་བསྟན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་16ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།བོད་ལྗོངས་ཀྱི་རྩ་ཆེའི་རིག་དངོས་ཞི་ཧུའུ་ཡི་མཛེས་རྩལ་ཁང་དུ་བསྟན་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་12ཉིན། ཀྲེ་ཅང་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས"སྤྲིན་དཀར་ཚོམ་བུའི་ཁྲོད་ཀྱི་ཇོ་མོ་གླང་མ——གངས་ལྗོངས་ས་མཐོའི་སྒྱུ་རྩལ་གྱི་གཅེས་ནོར"འགྲེམས་སྟོན་ཀུའུ་ཧྲན་བཤམས་མཛོད་ཁང་ཞི་ཧུའུ་ཡི་མཛེས་རྩལ་ཁང་དུ་གཉེར་བ་དང་། བོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་དང་། ཕོ་བྲང་པོ་ཏ་ལ། ནོར་བུ་གླིང་ཁ་སོགས་བོད་ཀྱི་རིག་དངོས་བཤམས་མཛོད་སྒྲིག་གཞིའི་རྒྱལ་རབས་རིམ་བྱུང་གི་རིག་དངོས་གཅེས་ནོར་117འགྲེམས་སྟོན་བྱས་པ་རེད། འགྲེམས་སྟོན་ཟླ་4ཚེས་15ཉིན་བར་གཉེར་རྒྱུ་ཡིན་ཞིང་། གོང་གི་པར་རིས་ནི་ལྟ་སྐོར་བས་ཞི་ཧུའུ་མཛེས་རྩལ་ཁང་དུ་མིང་རྒྱལ་རབས་ཀྱི་རྒྱལ་པོ་ཡུང་ལེའི་སྐབས་སུ་བཟོས་པའི"གསང་འདུས་མཎྚལ་པདྨ་འདབ་བརྒྱད"ལ་ལྟ་བཞིན་པ།
      

    ཕྱོགས་བསྡུས་གསར་འགྱུར།