འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིས“ཁྲུང་ཆིང—ཁྭ་ལ་ལུམ་ཕུར—རྒྱ་གར”དབར་གྱི་དངོས་
    ཟོག་སྐྱེལ་འདྲེན་མཁའ་ལམ་ཤར་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:22】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཟླ་1ཚེས་8ཉིན། ཁྲུང་ཆིང་གྲོང་ཁྱེར་ཟོག་འགྲེམས་གཞུང་ལས་ཁང་ནས་ཤེས་རྟོགས་བྱུང་བར། མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིས་ཚེས་9ཉིན“ཁྲུང་ཆིང—ཁྭ་ལ་ལུམ་ཕུར—རྒྱ་གར”དབར་གྱི་དངོས་ཟོག་སྐྱེལ་འདྲེན་མཁའ་ལམ་ཤར་གཏོང་བྱ་རྒྱུ་རེད། མཁའ་ལམ་དེར་དངོས་ཟོག་ཏུན་60ཐེག་ཐུབ་པའི་A330རྟགས་ཅན་གྱི་གནམ་གྲུ་འཕུར་རྒྱུ་དང་དུས་འགོར་གཟའ་འཁོར་རེར་ཐེངས་རེ་འཕུར་རྒྱུ་དང་འདི་ལོའི་དུས་ཚིགས་གཉིས་པར་གཟའ་འཁོར་རེར་ཐེངས་གཉིས་རེ་འཕུར་རྒྱུ་རེད།
         མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིའི་དངོས་ཟོག་སྐྱེལ་འདྲེན་ཚོང་གཉེར་ཙུང་ཚའེ་ཨ་སྨི་ནུའོ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ནི“ཁྲུང་ཆིང—ཁྭ་ལ་ལུམ་ཕུར”གྱི་དངོས་ཟོག་སྐྱེལ་འདྲེན་མཁའ་ལམ་ཤར་གཏོང་ཐུབ་རྗེས་ཀྱི་མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིས་ཀྲུང་གོར་ཤར་གཏོང་བྱས་པའི་དངོས་ཟོག་སྐྱེལ་འདྲེན་མཁའ་ལམ་གཉིས་པ་དེ་ཡིན་པ་དང་དེས་གཙོ་བོ་ཁྲུང་ཆིང་ནས་ཐོན་སྐྱེད་བྱས་པའི་རིགས་ཁག་གི་རིག་ནུས་མཐའ་སྣེའི་ཐོན་རྫས་སྐྱེལ་འདྲེན་བྱ་རྒྱུ་ཡིན་པ་རེད།
         ཁྲུང་ཆིང་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དབྱང་ལི་ཆུང་གིས་2017ལོར་ཁྲུང་ཆིང་གིས་ཁྱོན་རིག་ནུས་མཐའ་སྣེའི་ཐོན་རྫས་དུང་ཕྱུར་4.5ཙམ་ཐོན་སྐྱེད་བྱས་པའི་ནང་ལག་ཐོགས་གློག་ཀླད་ཁྲི་6100དང་ལག་ཐོགས་ཁ་པར་ཐོན་རྫས་དུང་ཕྱུར་2.9ཙམ་ཟིན་ཡོད། “རིག་ནུས་མཐའ་སྣེའི་ཐོན་རྫས་འཕེལ་རྒྱས་སོང་བ་ལས་མཁའ་འགྲུལ་སྐྱེལ་འདྲེན་གྱི་དགོས་མཁོ་ཆེ་རུ་ཕྱིན་པ་ལས་རྒྱ་གར་དང་། ཨེ་ཤེ་ཡ་ཤར་ལྷོ། ཨ་ཧྥེ་རི་ཁ་སོགས་ཀྱི་ས་ཆར་འཕར་ཚད་ཧ་ཅང་མྱུར་པོ་ཡོད། མ་ལེ་ཞི་ཡ་མཁའ་འགྲུལ་ཀུང་སིས་གསར་དུ་ཤར་གཏོང་བྱས་པའི་མཁའ་ལམ་ལས་སྐྱེལ་འདྲེན་ཇུས་གཞི་སྟབས་བདེ་མཁོ་འདོན་ཐུབ་པ་མ་ཟད། ཁེ་ལས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད”ཅེས་བཤད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།