འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་ཁེ་ལས་སུ་ལས་ཀ་འཚོལ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:28】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།'རྒྱུད་གཅིག་ལམ་གཅིག'རྒྱུད་ཀྱི་ཕྱི་སྦྱོང་སློབ་མས་ཀྲུང་གོའི་ཁེ་ལས་སུ་ལས་ཀ་འཚོལ་བ།
         མི་དམངས་དྲ་བའི་འཕྲིན། 2018ལོའི་ཟླ་1ཚེས་5ཉིན། ནན་ཁའེ་སློབ་ཆེན་རྒྱའི་སྐད་ཡིག་རིག་གནས་སློབ་གླིང་གིས་ཀྲུང་དབྱང་ཁེ་ལས་རྒྱལ་སྤྱིའི་ལས་དོན་པུའུ་ཞིག་དང་མཉམ་དུ་2018ལོར་སློབ་གྲྭ་ཐོན་མཁན་གྱི་ཕྱི་སྦྱོང་སློབ་མར་ཆེད་མངགས་གདན་ཞུ་བྱེད་པའི་འདུ་ཚོགས་ཤིག་འཚོགས་པ་དང་། གཙོ་བོ"རྒྱུད་གཅིག་ལམ་གཅིག"རྒྱུད་ཀྱི་རྒྱལ་ཁབ་ཀྱི་ཕྱི་སྦྱོང་སློབ་མར་ཕྱོགས་པ་དང་ལས་གནས་སུ་ཁྲོམ་ར་གསར་སྤེལ་དང་། བཅའ་ཁྲིམས་གན་རྒྱ། མི་དོན་སྲིད་འཛིན། རྣམ་གྲངས་དོ་དམ་སོགས་ཚུད་ཡོད། གདན་ཞུའི་འདུ་ཚོགས་སུ་ནན་ཁའེ་སློབ་ཆེན་དང་། ཐེན་ཅིན་སློབ་ཆེན། ཐེན་ཅིན་བཟོ་ལས་སློབ་ཆེན་སོགས་ཀྱི་ཕྱི་སྦྱོང་སློབ་མ་60ལྷག་ཙམ་སླེབས་པའི་ནང་ཧ་སག་སི་ཐན་དང་། ཐུར་ཁེ། ཨེ་ཅིབ་སོགས་རྒྱལ་ཁབ་20ལྷག་ཙམ་གྱི་སློབ་མ་ཡོད། ད་ཐེངས་ཀྱི་གདན་ཞུའི་འདུ་ཚོགས་དེ་ནན་ཁའེ་སློབ་ཆེན་གྱིས་བསུས་པའི་འདི་ལོའི་ཕྱི་སྦྱོང་སློབ་མ་ཆེད་མངགས་གདན་ཞུ་བྱེད་པའི་འདུ་ཚོགས་ཐེངས་དང་པོ་དེ་རེད། གོང་གི་པར་རིས་ནི་ཡུག་རེན་གྱི་ཕྱི་སྦྱོང་སློབ་མ་ཞིག་གིས་ངོ་རྒྱུགས་གཏོང་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།