འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཏི་ཏི་ཀུང་སིས་པར་ཙིར་གྱི་མཉམ་སྤྱོད་ཕྱིར་སྐྱོད་ཁེ་ལས་ཆེ་ཤོས་99ཀུང་སི་ཉོས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 11:59】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཚེས་4ཉིན་ཏི་ཏི་ཕྱིར་སྐྱོད་ཀུང་སིས་སྤྱི་བསྒྲགས་སྤེལ་ཏེ་པར་ཙིར་གྱི་མཉམ་སྤྱོད་ཕྱིར་སྐྱོད་ཁེ་ལས་ཆེ་ཤོས་99ཀུང་སི་ཉོས་པ་ཁྱབ་བསྒྲགས་བྱས་པ་རེད།
         ཏི་ཏི་ཕྱིར་སྐྱོད་ཀུང་སི་འཛུགས་མཁན་དབུ་བཞུགས་ལག་བསྟར་དཔོན་ཁྲེང་ཝུའེ་ཡིས་རྒྱལ་སྤྱི་ཅན་ནི་ཏི་ཏི་ཡི་འཕེལ་རྒྱས་འཐབ་ཇུས་གཙོ་བོ་ཡིན་པ་དང་ཏི་ཏི་ཡིས་མི་ཐབས་རིག་ནུས་འཛུགས་སྐྱོང་དང་རིག་ལྡན་འགྲིམ་འགྲུལ་ཇུས་གཞིའི་གསར་གཏོད་ལ་རྒྱུན་མཐུད་མ་དངུལ་གཏོང་རྒྱུ་ཡིན། ཕྱི་རྒྱལ་དུ་སྣ་མང་ཅན་གྱི་གཉེར་སྐྱོང་དང་མཉམ་ལས་བྱས་པ་བརྒྱུད། གོ་ལ་ཧྲིལ་པོའི་འགྲིམ་འགྲུལ་དང་རླངས་འཁོར་ལས་རིགས་ཀྱི་འཕོ་འགྱུར་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་ཡིན་ཞེས་བཤད།
         99ཀུང་སིའི་དབུ་བཞུགས་ལག་བསྟར་དཔོན་པི་ཏེ·ཧྥེར་ནན་ཏེ་སིས་ཏི་ཏི་ཕྱིར་སྐྱོད་ཀུང་སིའི་མངའ་འོག་ཁོངས་མིར་གྱུར་པས་པར་ཙིར་དུ་99ཀུང་སིའི་ཞབས་ཞུ་རྒྱ་ཆེར་གཏོང་བའི་ནུས་པ་ཆེས་ཆེར་མཐོ་རུ་ཕྱིན་ནས་སྤྱོད་མཁན་དང་། ཁ་ལོ་བ། གྲོང་ཁྱེར་བཅས་ལ་ལྟེ་བའི་རིན་ཐང་སྣོན་ཐུབ་ཅེས་བཤད།
         99ཀུང་སི་2012ལོར་བཙུགས་པ་དང་པར་ཙིར་གྱི་གྲོང་ཁྱེར་400ལྷག་ཙམ་ལ་གཞི་ཚུགས་ནས་ཁ་ལོ་བ་ཁྲི་30ལྷག་ཙམ་དང་སྤྱོད་མཁན་ཁྲི་1400ཙམ་ཡོད། 2017ལོའི་ཟླ་དང་པོར་ཏི་ཏི་ཀུང་སི་དང་99ཀུང་སིའི་དབར་འཐབ་ཇུས་མ་འཇོག་རོགས་ཟླའི་འབྲེལ་བ་བཙུགས་པ་རེད།
         ཏི་ཏི་ཀུང་སིས་99ཀུང་སི་ཉོ་སྒྲུབ་མ་བྱས་གོང་། ཏི་ཏི་ཀུང་སིས་གོ་ལ་ཧྲིལ་པོའི་ཕྱིར་སྐྱོད་ཁེ་ལས་ཆེ་གྲས་བདུན་དང་རོགས་ཟླའི་འབྲེལ་བ་བཙུགས་ཟིན་པ་དང་དྲ་རྒྱའི་ཐོག་གྲོང་ཁྱེར་1000ལྷག་ཙམ་ལ་ཞབས་འདེགས་ཞུ་ཡི་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།