འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་ཆུ་མཛོད་ཆེ་ཤོས་ཀྱི་རྣམ་གྲངས་
    ལས་མཇུག་འགྲིལ་ནས་རྩིས་སྤྲོད་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་8ཉིན་ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་སི་རི་ལན་ཁའི་དབུས་རྒྱུད་ཀྱི་མུའོ་ལེ་ཀེ་ཧ་ཁན་ཏ་ཆུ་མཛོད་རྣམ་གྲངས་ལས་མཇུག་འགྲིལ་ནས་རྩིས་སྤྲོད་མཛད་སྒོ་འཚོགས་ཤིང་། རྣམ་གྲངས་དེས་སི་རི་ལན་ཁའི་ཆུའི་ཐོན་ཁུངས་ཁྱབ་ཚུལ་སྙོམས་པོ་མེད་པ་དང་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་སོགས་ཀྱི་གནད་དོན་ཐག་གཅོད་ཐུབ་རྒྱུ་རེད།
         སི་རི་ལན་ཁའི་ཙུང་ཐུང་ཤིས་ལི་སའེ་ན་དང་། ཙུང་ལི་ཝུའེ་ཁེ་ལེ་མ་ཤིན་ཧ། གྲོས་དཔོན་ཅ་ཡ་སུའུ་ལི་ཡ། སི་རི་ལན་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གནས་སྐབས་ལས་ཚབ་ཕང་ཁྲུན་ཞུའེ་སོགས་མཛད་སྒོར་ཞུགས་པ་རེད། སི་ཀྲུང་འཐུས་མིས་མཐེབ་གནོན་མནན་པ་དང་སྦྲགས་རྦ་རླབས་ལང་ལོང་དུ་འཕྱུར་བའི་ཆུ་བོ་ཆུ་ལོག་ཕྱིར་གཏོང་ཡུར་བུ་ནས་རྒྱུག་ཡོང་། དེ་གར་ཡོད་པའི་སི་རི་ལན་ཁའི་དམངས་ཚོགས་སྟོང་ཕྲག་གི་དཔང་པོའི་འོག་ཕང་ཁྲུན་ཞུའེ་ཡིས་རྣམ་གྲངས་ཀྱི་ལྡེ་མིག་དང་དེ་བཞིན་ལས་གྲྭའི་དཔྱད་གཞི་ཤིས་ལི་སའེ་ནར་དངོས་སུ་རྩིས་སྤྲད་པ་རེད།
         ཆུ་མཛོད་རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ཤིས་ལི་སའེ་ན་ལས་ཡུལ་དུ་གཟིགས་ཞིབ་གནང་བར་ཐེངས་མང་ཕེབས་པ་དང་འབྲེལ་ལས་གྲྭར་ཚད་མཐོའི་གདེང་འཇོག་བྱས་པ་མ་ཟད། ཀྲུང་གོ་སྲིད་གཞུང་དང་དེ་བཞིན་རྣམ་གྲངས་འཛུགས་སྐྲུན་པ་ཚོར་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཡང་ཞུས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།