འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཅོར་ཏན་གྱིས་ཅོར་ཏན་དུ་ཀྲུང་གོའི་རིག་གནས་ལྟེ་གནས་བསྐྲུན་རྒྱུའི་གྲོས་ཆོད་
    བཞག་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་10ཉིན། 12:08】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ཅོར་ཏན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཕན་ཝུའེ་ཧྥང་དང་ཅོར་ཏན་རིག་གནས་བློན་ཆེན་ནཱ་པི·ཧྲུའུ་གུ་སྨོས་ཚེས་8ཉིན་ཅོར་ཏན་གྱི་རྒྱལ་ས་ཨན་མན་དུ་《ཅོར་ཏན་དུ་ཀྲུང་གོའི་རིག་གནས་ལྟེ་གནས་བསྐྲུན་རྒྱུའི་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་སྲིད་གཞུང་དང་ཅོར་ཏན་ཧ་ཞི་མུའུ་རྒྱལ་ལྡན་རྒྱལ་ཁབ་སྲིད་གཞུང་གི་གྲོས་ཆོད་》ལ་མིང་རྟགས་བཀོད་པ་རེད།
         ཧྲུའུ་ཀུ་སྨོས་ཀྲུང་གོ་སྲིད་གཞུང་གིས་ཅོར་ཏན་དུ་ཀྲུང་གོའི་རིག་གནས་ལྟེ་གནས་བསྐྲུན་རྒྱུའི་གདམ་ག་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཅོར་ཏན་གྱི་རིག་གནས་པུས་མུ་མཐུད་རིག་གནས་ཁྱབ་ཁོངས་དང་རིག་གནས་ལྟེ་གནས་བསྐྲུན་རྒྱུའི་ཐད་ཀྲུང་གོ་ཕྱོགས་དང་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་ཡིན་ལ། རིག་གནས་ལྟེ་གནས་བསྐྲུན་པའི་འཕེལ་རིམ་བདེ་བླག་ཡོང་བའི་སྨོན་འདུན་ཡང་ཞུ་རྒྱུ་ཡིན་ཞེས་གསུངས་པ་དང་། ཕན་ཝུའེ་ཧྥང་གིས་གྲོས་ཆོད་ལ་མིང་རྟགས་བཀོད་པ་ནི་ཀྲུང་ཅོར་འབྲེལ་བའི་དོན་ཆེན་ཞིག་ཡིན་པ་དང་། རིག་གནས་ལྟེ་གནས་དེ་ཅོར་ཏན་གྱིས་ཀྲུང་གོ་ཤེས་རྟོགས་བྱེད་པའི་སྐར་ཁུང་དང་ཀྲུང་གོ་དང་མཉམ་ལས་བྱེད་པའི་ལས་སྟེགས་ཤིག་ཏུ་འགྱུར་རྒྱུ་རེད་ཅེས་བཤད།
         གྲོས་ཆོད་ལྟར་ན། ཀྲུང་གོའི་རིག་གནས་ལྟེ་གནས་ནི་ཅོར་ཏན་དུ་ཡོད་པའི་ཀྲུང་གོ་སྲིད་གཞུང་གི་གཞུང་ཕྱོགས་ཀྱི་ཁེ་འབབ་མེད་པའི་རིག་གནས་སྒྲིག་གཞི་ཞིག་ཡིན་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཅོར་ཏན་གྱིས་ད་ལྟ་ལག་བསྟར་བྱེད་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་བརྩི་སྲུང་ཞུ་བའི་རྨང་གཞིའི་ཐོག་ལྟེ་གནས་དེ་བསྐྲུན་རྒྱུ་རེད། ལྟེ་གནས་དེ་བསྐྲུན་པའི་དམིགས་ཡུལ་ནི་ཀྲུང་ཅོར་རྒྱལ་ཁབ་གཉིས་པོའི་རིག་གནས་སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་ཅོར་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་ཕན་ཚུན་རྒྱུས་མངའ་དང་མཛའ་གྲོགས་ཟབ་ཏུ་གཏོང་བ། ཀྲུང་ཅོར་གྱི་མཛའ་གྲོགས་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།