འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་དཔེ་རྙིང་ཕྱེད་ཀ་ཙམ་ཡོངས་ཁྱབ་ཏུ་ཞིབ་བཤེར་ལེགས་གྲུབ་བྱུང་ཡོད་པ།

    དཔེ་རྙིང་དཔེ་ཚོགས་དེབ་6དཔེ་བསྐྲུན་འགྲེམས་སྤེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་09ཉིན། 16:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱིས་རྩོམ་སྒྲིག་བྱས་པའི་《བོད་རང་སྐྱོང་ལྗོངས་ཁོངས་རྒྱལ་ཁབ་ཀྱི་དཔེ་རྙིང་རྩ་ཆེན་ཁག་བཞི་པའི་ཁ་བྱང་དང་པར་རིས་ཀྱི་དཀར་ཆག་》དང་《བོད་ལྗོངས་མངའ་རིས་ས་ཁུལ་གྱི་དཔེ་རྙིང་དཀར་ཆག་》སོགས་དཔེ་ཚོགས་དེབ་6ཏེ། བོད་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་གྱི་གྲུབ་འབྲས་ཉེ་ཆར་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་རེད། དེས་ལོ་9ཡི་རིང་བོད་རང་སྐྱོང་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་པ་མཚོན། བོད་རང་སྐྱོང་ལྗོངས་དཔེ་རྙིང་སྲུང་སྐྱོབ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་སྤེན་པ་ཚེ་རིང་ལགས་ཀྱིས་ངོ་སྤྲོད་གནང་བར་གཞིགས་ན། བོད་ལྗོངས་ཀྱི་དཔེ་རྙིང་ཉར་ཚགས་ཚན་པ་གཙོ་བོ་དགོན་སྡེ་ཡིན་པ་དང་། དགོན་སྡེའི་གྲངས་འབོར་ཆིག་སྟོང་ལྷག་ཟིན་གྱི་ལ་དེ་རྣམས་བོད་རང་སྐྱོང་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཡོངས་ཀྱི་རྫོང་74ལ་ཁྱབ་ཡོད། ད་ལྟ། བོད་ལྗོངས་ཀྱི་དཔེ་རྙིང་ཡོངས་བཤེར་ལས་དོན་65%ལེགས་གྲུབ་ཟིན་ཡོད་པ་རེད།
         ད་རེས་ལེགས་སྒྲིག་དཔེ་སྐྲུན་བྱས་པའི་བོད་ཡིག་དཔེ་རྙིང་དཀར་ཆག་དེ་སྲོལ་རྒྱུན་གྱི་བོད་ཡིག་དཀར་ཆག་རིག་པའི་གཞུང་རྨང་གཞིར་བྱས་པའི་ཐོག་དེང་རབས་ཀྱི་དཔེ་རྙིང་ཚད་ལྡན་ཡིག་ཆའི་དཀར་ཆག་གི་རྣམ་པ་ཉེར་སྤྱོད་བྱས་པ་ཡིན་ཞིང་། ཡིག་ཆའི་དེབ་ཚད་དང་། པར་གཞིའི་སྒྲོམ། ཡིག་ཕྲེང་། ཡིག་གཟུགས། དཔེ་ཆ་གྲུབ་པའི་ལོ་རབས། ནང་དོན་བཅས་ཁ་སྣོན་བྱས་ནས། དཔེ་རྙིང་དག་གི་ས་གནས་ཁག་གི་ལོ་དུས་མི་གཅིག་པ་དེ་བས་ཐད་ཀར་མཚོན་པར་བྱས་ཡོད་པ། པར་གཞི་མི་འདྲ་བ་དང་དཔེ་རྙིང་གི་ཁྱད་ཆོས་ལྡན་པའི་དཔེ་དེབ་འཆར་འགོད་ཀྱི་རྣམ་པ་ལྡན་པས། རྒྱ་ཆེའི་བོད་རིག་པ་ཞིབ་འཇུག་མཁན་དང་ལྷག་པར་དུ་བོད་ཡིག་དཔེ་རྙིང་ཡིག་ཆར་ཞིབ་འཇུག་གནང་མཁན་དང་དགའ་ཞེན་གནང་མཁན་གྱི་ངོས་ནས་བརྗོད་ན་གཏམ་བཟང་ཞིག་ཡིན་པ་རེད།
         དཔེ་རྙིང་ཡོངས་བཤེར་གྱི་གྲུབ་འབྲས་ཀྱི་དཔེ་ཆ་6ནི་《གངས་ལྗོངས་ཀྱི་བསྟན་བཅོས། 2——བོད་རང་སྐྱོང་ལྗོངས་ཁོངས་ རྒྱལ་ཁབ་ཀྱི་རྩ་ཆེན་དཔེ་རྙིང་ཁ་བྱང་དང་པར་རིས་ཀྱི་དཀར་ཆག་》དང་ 《གངས་ལྗོངས་ཀྱི་བསྟན་བཅོས། 3——བོད་ལྗོངས་མངའ་རིས་ས་ཁུལ་གྱི་དཔེ་རྙིང་རྩ་ཆེན་གྱི་པར་རིས་དཀར་ཆག》 《གངས་ལྗོངས་ཀྱི་བསྟན་བཅོས།4——བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དཔེ་རྙིང་རྩ་ཆེན་གྱི་པར་རིས་དཀར་ཆག》《བོད་ལྗོངས་མངའ་རིས་ས་ཁུལ་དཔེ་རྙིང་དཀར་ཆག》《བོད་ལྗོངས་ནག་ཆུ་ས་ཁུལ་གྱི་དཔེ་རྙིང་དཀར་ཆག》 《གངས་ལྗོངས་མཁས་དབང་རིམ་བྱོན་འཁྲུངས་འདས་ཀྱི་ལོ་རབས་རེའུ་མིག་》བཅས་དྲུག་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།