འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་2018ལོ་ནས་བཟུང་གཙོ་གནད་ཁེ་ལས་ཀྱི་ལས་གནས་བརྟན་པོའི་ཁ་གསབ་
    ཚད་གཞི་70%བར་མཐོ་རུ་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 09:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་ནས་ཤེས་རྟོགས་བྱས་པར། མཚོ་སྔོན་ཞིང་ཆེན་གྱིས་2018ལོ་ནས་2020ལོ་བར་ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་སྐྱོར་བྱེད་པའི“སྲུང་སྐྱེལ་བྱ་སྤྱོད”སྤེལ་རྒྱུ་ཡིན་ཞིང་། ཆ་རྐྱེན་འཛོམས་པའི་ས་ཁུལ་དང་ཁེ་ལས་ཀྱི་ལས་ཤོར་འགན་བཅོལ་གྱི་ལས་གནས་བརྟན་པོའི་ཁ་གསབ་སྲིད་ཇུས་ཁྱོན་ཡོངས་ལ་ཁྱབ་རྒྱུ་མ་ཟད་གཙོ་གནད་ཁེ་ལས་ཀྱི་ལས་གནས་བརྟན་པོའི་ཁ་གསབ་ཚད་གཞི་50%ནས་70%བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་མི་སྤྱི་ཐིང་གིས་ཉེ་ཆར་བཀྲམ་པའི་《ལས་ཤོར་འགན་བཅོལ་གྱིས་ཁེ་ལས་ཀྱི་ལས་གནས་བརྟན་པོ་ཡོང་རྒྱུར་རོགས་སྐྱོར་བྱེད་པའི“སྲུང་སྐྱེལ་བྱ་སྤྱོད”སྤེལ་རྒྱུའི་སྐོར་གྱི་བརྡ་ཐོར་》གཞིགས་ན། 2018ལོ་ནས་བཟུང་། མཚོ་སྔོན་གྱིས་ཐོན་ནུས་དོར་བའི་ལས་འགན་ཅུང་ལྕི་བའི་ངར་ལྕགས་དང་། རྡོ་སོལ། སོལ་གློག གློག་བརྟེན་ཧ་ཡང་དབྱེ་འབྱེད་སོགས་ཀྱི་ལས་རིགས་དང་ཁེ་ལས་ལ་ཁེ་ལས་དེ་དང་དེའི་ལས་མིས་ལོ་གོང་མར་དངོས་སུ་བསྐྱལ་བའི་ལས་ཤོར་འགན་བཅོལ་གྲོན་དངུལ་བསྡོམས་འབོར་གྱི་70%གཞིར་བཟུང་ཁ་གསབ་སྤྲོད་རྒྱུ་དང་། ལོ་གོང་མར་ཆད་པའི་འགན་བཅོལ་གྲོན་དངུལ་རྣམས་གསབ་འཇལ་བྱས་པའི་ཁེ་ལས་ལ་གསབ་འཇལ་བྱས་རྗེས་ཆ་རྐྱེན་འཛོམས་ཚེ་ལས་གནས་བརྟན་པོའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ། དེ་སྔ་འགན་བཅོལ་གྲོན་དངུལ་ཆད་པ་རྣམས་གསབ་འཇལ་བྱས་པའི་ཁེ་ལས་ལ་གཏན་འབེབས་གཞིར་བཟུང་2015ལོར་ཁ་གསབ་སྲིད་ཇུས་ལག་ལེན་བསྟར་ཚུན་གྱི་ལས་གནས་བརྟན་པོའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ། ལོ་གོང་མར་ལས་ཤོར་འགན་བཅོལ་ནང་གསར་དུ་ཞུགས་པའི་ཁེ་ལས་ཀྱི་གྲོན་དངུལ་བསྐྱལ་བའི་དུས་ཚོད་ལོ་གཅིག་ཕྱིན་མེད་རིགས་ལ་དངོས་སུ་བསྐྱལ་བའི་གྲོན་དངུལ་གཞིར་བཟུང་ལས་གནས་བརྟན་པོའི་ཁ་གསབ་ལོངས་སུ་སྤྱོད་ཆོག་པ་བཅས་རེད།
         2017ལོར་མཚོ་སྔོན་གྱིས་ཞིང་ཆེན་དེ་ཡོངས་ཀྱི་ཁེ་ལས་1004ཡི་ལས་བཟོ་ཁྲི་22ལ་ལས་གནས་བརྟན་པོའི་ཁ་གསབ་དངུལ་སྒོར་དུང་ཕྱུར་1.07སྤྲད་པས་ཁེ་ལས་ཀྱི་ཁུར་པོ་ཡང་དུ་ནུས་ལྡན་ཕྱིན་པ་མ་ཟད་ལས་བཟོའི་ལས་གནས་བརྟན་དུ་གཏོང་བའི་ཧུར་སེམས་སྐོང་འཐེན་གང་ལེགས་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།