འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་བྱེད་ཐབས་བཏོན་ནས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་
    དང་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 09:54】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་པའི་ལས་དོན་ཐད་གསར་གཏོད་དང་ཚད་བརྒལ་མགྱོགས་མྱུར་ཡོང་བར་བྱས་ནས། མཚོ་སྔོན་གྱི་ཞིང་བབ་དང་འཚམ་པའི་ཁར་མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་ཤེས་ལྡན་པ་འཕེལ་རྒྱས་གཏོང་ལམ་ཞིག་ཆགས་པར་བྱེད་ཆེད། ཉེ་ཆར། མཚོ་སྔོན་ཞིང་ཆེན་གྱིས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་ཁག་11བཏོན་པ་རེད།
         མཚོ་སྔོན་ཞིང་ཆེན་ཤེས་ལྡན་པའི་གཞུང་དོན་ཁང་གི་ཆ་འཕྲིན་ལ་གཞིགས་ན། ཉིན་ཤས་གོང་། མཚོ་སྔོན་ཞིང་ཆེན་ཤེས་ལྡན་པའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་《ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱེད་ཐབས་འགའ་》བཀྲམ་ནས། མཚོ་སྔོན་གྱིས་ཤེས་ལྡན་པ་འཕེལ་རྒྱས་གཏོང་བའི་ལམ་སྲོལ་དང་སྒྲིག་སྲོལ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་11བཏོན་པའི་ནང་། ན་གཞོན་ཤེས་ལྡན་པའི“མྱུག་གསར”འདུ་འགོད་ལག་བསྟར་བྱས་ནས་ཕུལ་བྱུང་གི་སློབ་ཆེན་སློབ་ཐོན་སློབ་མ་བདམས་འཐེན་ལས་དོན་སྤེལ་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཏང་སྲིད་ཤེས་ལྡན་པའི་དཔུང་ཁག་འབྱུང་རྩ་ནས་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུ་དང་། “མཚོ་སྔོན་སློབ་ཆེན—ཆིང་ཧྭ་སློབ་ཆེན”གྱི་ཚོགས་སྒྲིག་རྣམ་པའི་ཤེས་ལྡན་པ་ནང་འདྲེན་བྱེད་སྟངས་ཁྱབ་གདལ་བཏང་བའི་ཁར་《མཚོ་སྐྱོར་ཐོན་ཁུངས་ལ་བརྟེན་ནས་ཤེས་ལྡན་པ་ནང་འདྲེན་ལས་དོན་སྔར་བས་ཡག་པོ་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཟོས་ནས་བཏོན་ཞིང་། གཙོ་གནད་ཉེར་མཁོ་ཁྱབ་ཁོངས་ཀྱི་ཤེས་ལྡན་པའི་དགོས་མཁོར་དམིགས་ཏེ་རྒྱུན་མཐུད་ཆོག་པའི་རིག་ནུས་རོགས་སྐྱོར་ལམ་སྲོལ་འཛུགས་རྒྱུ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ཁྱབ་ཁོངས་ཀྱི་རིམ་མཐོའི་ཤེས་ལྡན་པ་དཀོན་པའི་གནད་དོན་ལ་དམིགས་ནས། “དམིགས་བཙུགས་ལས་གནས་ཀྱི་གདན་ཐོབ་ལམ་ལུགས”འཚོལ་ཞིབ་བྱས་ནས་འཛུགས་རྒྱུ། མཚོ་སྔོན་སློབ་ཆེན་ཤེས་ལྡན་པའི་མཐོ་ས་འཛུགས་རྒྱུ། “(ཕིང་ཨན)ལིའུ་ཝན་ཤེས་ལྡན་པའི་གྲོང་རྡལ་ཆུང་ངུ”བཙུགས་ཐོག་མཚོ་ཤར་ཚན་རྩལ་གླིང་གི་ད་ཡོད་ཤེས་ལྡན་པའི་ཞབས་ཞུའི་ལས་སྟེགས་དང་ཐོན་ཁུངས་ལ་བརྟེན་ནས། ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱི་ཤེས་ལྡན་པ་མང་པོ་ཆགས་པ་བྱ་རྒྱུ། ཟི་ལིང་གི་ཤེས་ལྡན་མི་སྣའི་ལས་སྟེགས་ལེགས་པར་གཏོད་པ། ཤེས་ལྡན་པའི་ཞབས་ཞུའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་པ། ཟི་ལིང་གི་ཤེས་ལྡན་མི་སྣའི་ལས་སྟེགས་ཀྱི་ད་ཡོད་ཀྱི་ཆ་རྐྱེན་དང་རྨང་གཞིའི་ཐོན་ཁུངས་ལ་བརྟེན་པ། སྲིད་ཇུས་ཀྱི་གཟིགས་སྐྱོང་དང་མ་དངུལ་གྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱ་རྒྱུ། གཞི་རིམ་གྱི་ཞིང་འབྲོག་ཤེས་ལྡན་པའི་སྤེལ་རེས་ལས་སྟེགས་བཙུགས་ནས་གཞི་རིམ་གྱི་ཞིང་འབྲོག་ཤེས་ལྡན་པ་ལས་ཞུགས་ལས་གཏོད་ཐུབ་པ་དང་འཇོན་ཐང་ཅན་དུ་འགྱུར་རྒྱུར་སྲིད་ཇུས་ཀྱི་བློ་འདྲི་དང་ཐོན་ཁུངས་ཁ་གཏད་སྦྲེལ་མཐུད་སོགས་ཀྱི་ཞབས་འདེགས་ཞུ་རྒྱུ། ཡུན་རིང་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུར་དམིགས་ནས་མཚོ་སྐྱོར་ཤེས་ལྡན་པའི(འབུམ་རམས་པའི་ཞབས་ཞུ་ཚོགས་པ)འབྲེལ་གཏུག་ཞབས་ཞུ་ལྟེ་གནས་འཛུགས་རྒྱུ། མཚོ་སྔོན་ཞིང་ཆེན་གྱི་ཤེས་ལྡན་པའི་ཇུས་འདོན་ཚོགས་པ་བཙུགས་ཏེ་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་གི་གཙོ་གནད་དམ་འཛིན་བྱས་ནས། མཚོ་སྔོན་ཞིང་ཆེན་གྱི་མཐོ་རིམ་སློབ་གསོའི་སྒྲིག་གཞི་དང་སྤྱི་ཚོགས་ཚན་རིག་ཞིབ་འཇུག་སྒྲིག་གཞིའི་རིག་གཞུང་ཚན་ཁག་དང་ཤེས་ལྡན་པའི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཚོ་སྔོན་གྱི་ཤེས་ལྡན་པའི་ཞིབ་འཇུག་ལྟེ་གནས་འཛུགས་རྒྱུ། མཚོ་སྔོན་ཤེས་ལྡན་པའི་བསམ་པའི་ཁྱིམ་གཞིས་བཙུགས་ནས་ཏང་ཨུད་ཀྱིས་རིགས་གཅིག་མཁས་ཅན་ལ་འབྲེལ་གཏུག་ཞབས་ཞུ་བྱེད་པའི་ལས་དོན་ཐད་སྔར་བས་ཤུགས་སྣོན་བརྒྱབ་སྟེ། མཚོ་སྔོན་གྱི་ཤེས་ལྡན་པའི་ཁྱིམ་གཞིས་ཧུར་ཐག་གཏོད་རྒྱུ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།