འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་དཔོན་དང་མཚོ་དཔོན་གྱིས་རིམ་པ་དང་དུམ་བུ་བགོས་ནས་འབྲི་ཆུ་སྲུང་སྐྱོང་གི་འགན་
    འཁུར་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་07ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ལེ་དབར་ཁྲི་ཡི་འབྲི་ཆུར་ཆུ་དཔོན་དང་མཚོ་དཔོན་མང་པོ་ཡོད་པ་དེ་དག་གིས་རིམ་པ་དང་དུམ་བུ་བགོས་ནས་འབྲི་ཆུ་སྲུང་སྐྱོང་གི་འགན་ལྕི་པོ་འཁུར་རྒྱུ་ཡིན་པ་དང་། ལས་དོན་ཡག་པོ་མི་སྒྲུབ་མཁན་གྱི་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་རྩད་གཅོད་བྱ་རྒྱུ་རེད།
          ཚེས་5ཉིན་ཆུ་བེད་པུའི་པུའུ་ཀྲང་གཞོན་པ་ཀྲོའུ་ཞུའེ་ཝུན་གྱིས་རྒྱལ་ཁབ་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག ཀྲུང་དབྱང་གི་བླང་བྱར་གཞིགས་ནས་2018ལོར་ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་བཟོས་རྗེས་འབྲི་ཆུ་སྲུང་སྐྱོང་གི་འགན་འཁྲི་ལྕི་པོ་དེ་རིམ་པ་དང་དུམ་བུ་བགོས་ཐོག་རིམ་ཁག་ཆུ་དཔོན་དང་མཚོ་དཔོན་གྱི་ཕྲག་ཐོག་ཏུ་དོན་འཁྱོལ་བྱ་རྒྱུ་རེད། “མཚོ་རེར་སྲིད་ཇུས་རེ”དང“ཆུ་རེར་སྲིད་ཇུས་རེ”བཟོ་བའི་གཙོ་གནད་ནི་བཤེར་ཐོ་ཆེ་གྲས་ལྔ་བཟོ་རྒྱུ་དེ་ཡིན་ཞིང་། དེའི་ནང་གནད་དོན་གྱི་བཤེར་ཐོ་ཚུད་ཡོད་པ་ནི་ཆུ་བོའི་དུམ་བུ་དེར་གནད་དོན་གང་ཞིག་ཡོད་མེད་དང་། འགན་འཁྲིའི་བཤེར་ཐོ་ནི་འགན་འཁྲིའི་ཆུ་དཔོན་སུ་ཡི་ཕྲག་ཐོག་ཏུ་དོན་འཁྱོལ་བྱེད་དགོས་པ་དེ་རེད། གཞན་ཡང་ད་དུང་ལས་འགན་གྱི་བཤེར་ཐོ་དང་། བྱ་ཐབས་ཀྱི་བཤེར་ཐོ། དམིགས་ཚད་ཀྱི་བཤེར་ཐོ་བཅས་ཚུད་ཡོད། འབྲི་ཆུའི་སྣོད་བཅུད་དང་ཆུའི་ཁོར་ཡུག་གི་གནད་དོན་ཆུ་ཁས་མངོན་པ་དང་གཞི་རྩ་ཆུ་ཐོག་ལ་རག་ལུས་ཡོད། ཆུ་དཔོན་དངམཚོ་དཔོན་གྱིས་ཆུ་ལ་དོ་དམ་བྱེད་དགོས་པ་མ་ཟད། ད་དུང་ཆུ་ཐོག་ལ་དོ་དམ་བྱས་ཏེ་ཆུ་འགོ་ནས་བཅོས་སྒྲིག་ཡག་པོ་བྱེད་དགོས། ཆུ་དཔོན་ལམ་ལུགས་དང་མཚོ་དཔོན་ལམ་ལུགས་ལག་ལེན་བསྟར་བ་བརྒྱུད་ས་ཁུལ་ཁག་གི་ཐོན་ལས་གྲུབ་ཆ་ལེགས་སྒྲིག་དང་རིམ་སྤོར་སྒྱུར་བཀོད་ལ་སྐུལ་མ་ཐེབས་ནས་ཆུ་དང་མཚོར་བཙོག་ཆུ་འབུད་ཚད་ཚོད་འཛིན་བྱེད་དགོས། ལས་དོན་གལ་ཆེན་ཞིག་ནི་རྒྱུག་ཆུའི་ཉེ་འགྲམ་དུ་གནས་པའི་ཕག་གསོ་ར་བ་བཅོས་སྒྲིག་བྱས་ནས་ཟང་ཟིང་ཆེ་བ་དང་བཙོག་ཆུ་གཙང་སེལ་གྱི་སྒྲིག་ཆས་མེད་རིགས་སྒོ་རྒྱག་དགོས། གཞི་ཁྱོན་ལྡན་པའི་ཕག་གསོ་ར་བར་གནོད་མེད་ཀྱི་གཙང་སེལ་བྱེད་དགོས། ཀྲུང་དབྱང་གིས་རིམ་པ་གོང་མའི་ཆུ་དཔོན་དང་མཚོ་དཔོན་གྱིས་རིམ་པ་འོག་མའི་ཆུ་དཔོན་དང་མཚོ་དཔོན་ལ་དཔྱད་ཞིབ་བྱས་ནས་ཚད་བརྒལ་གྱི་བཙོག་ཆུ་འབུད་གཏོང་དང་། ཆུ་ངོགས་ཧམ་བཟུང་། ཁྲིམས་འགལ་གྱི་བྱེ་རྡོ་སྔོག་འདོན་སོགས་ཀྱི་སྣང་ཚུལ་ཐོན་པར་ཐག་གཅོད་བྱེད་དགོས། ཆུ་དང་མཚོ་ཡི་དོ་དམ་སྒྲིག་ལམ་ཟང་ཟིང་བཟོས་རིགས་ལ་ཆུ་དཔོན་དང་མཚོ་དཔོན་གྱི་འགན་འཁྲི་རྩད་གཅོད་བྱེད་དགོས་པའི་གཏན་འབེབས་གསལ་པོ་བྱས་ཡོད་ཅེས་བརྗོད།
          ངོ་སྤྲོད་བྱས་པར་གཞིགས་ན། ཆུ་བེད་པུའུ་ཡིས་འབྲི་ཆུའི་ཆུ་ངོགས་སྲུང་སྐྱོབ་དང་གསར་སྤེལ་བེད་སྤྱོད་ཀྱི་སྤྱིའི་འཆར་འགོད་དང་། འབྲི་ཆུའི་བྱེ་རྡོ་སྔོག་འདོན་དོ་དམ་འཆར་འགོད། འབྲི་ཆུའི་དཔལ་འབྱོར་ཁུལ་གྱི་ཆུ་ལེན་རྒྱུད་ཀྱི་སྦགས་བཙོག་གཏོང་འབུད་བྱེད་ས་དང་འཕྲལ་སྡོམ་ཆུ་འགོ་བཀོད་སྒྲིག་འཆར་འགོད་སོགས་འཆར་འགོད་རབ་དང་རིམ་པ་སྒྲིག་བཟོ་བྱས་ནས། འབྲི་ཆུའི་ཆུའི་ཐོན་ཁུངས་དང་། ཆུའི་ཁོར་ཡུག་སྲུང་སྐྱོང་གི་དམིགས་ཚད། ལས་འགན་དང་བྱ་ཐབས་བཅས་གསལ་པོ་བཟོས་ཡོད། འབྲི་ཆུའི་ཆུའི་ནུས་པའི་ཁུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་འབྲི་ཆུ་རྒྱུག་ཁུལ་དུ་ཆུའི་ནུས་པའི་ཁུལ་གལ་ཆེན་1362བཙུགས་པ་དང་སྦྲགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།