འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྲིད་དོན་ཞབས་ཞུ་ལེགས་བསྡུས་ཅན་གྱི་ལས་སྟེགས་ལ་བརྟེན་ནས་མང་ཚོགས་
    ལ་ཞབས་འདེགས་ཞུས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་08ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལེགས་བསྡུས་ཅན་གྱི་ལས་སྟེགས་ལས་གཉེར་བྱེད་འགོ་ཚུགས་ཤིང་། ལས་སྟེགས་དེར་དྲ་ཐོག་གི་བློ་འདྲི་དང་། བསམ་འཆར་བསྡུ་ལེན། དམངས་ཕན་འདྲི་རྩད། དྲ་ཐོག་ཡིག་བསྐུར་ངོ་བཅར་སོགས་ཕྱོགས་མང་པོའི་ཐད་ཀྱི་ཞབས་ཞུ་ཚུད་ཡོད་པ་དེས་མཚོ་སྔོན་གྱི“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་དོན་བསྒྲུབ་རྒྱུར་འགག་རྩའི་ཡར་རྒྱས་བྱུང་བ་མཚོན་ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལེགས་བསྡུས་ཅན་གྱི་ལས་སྟེགས་ནང་ལས་སྒྲུབ་ཞབས་ཞུ་དང་། མཉམ་འགུལ་སྤེལ་རེས། གསལ་འགྲེལ་བརྡ་ལན། སྲིད་གཞུང་གི་གྲངས་གཞི་ཡོངས་བསྒྲགས་སོགས་ཀྱི་ནང་དོན་ཚུད་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། ལས་སྟེགས་དེ་བརྒྱུད་མང་ཚོགས་ཀྱིས་སྲིད་འཛིན་ཆོག་འཐུས་རེ་ཞུ་དང་། སྤྱི་པའི་ཞབས་ཞུ་སྒྲུབ་པ། འབྲེལ་ཡོད་ཀྱི་དོན་དག་བློ་འདྲི་བཅས་བྱེད་ཆོག་པ་དང་བསྟུན་ནས་ལས་སྒྲུབ་ཀྱི་འཕེལ་རིམ་ཚང་མ་དྲ་ཚུགས་ཐོག་ནས་མངོན་གྱི་ཡོད།
         “དྲ་རྒྱའི་ཐོག་ནས་བསྐྱར་སྤྱོད་དཔྱད་གཞི་མཉམ་སྤྱོད་ཐུབ་རིགས་ཀྱི་ཁེ་ལས་དང་མང་ཚོགས་ལ་བསྐྱར་དུ་འདོན་སྤྲོད་བྱ་རྒྱུའི་རེ་བ་འདོན་མི་ཆོག་པ་དང་། དྲ་རྒྱའི་ཐོག་ནས་ཆ་འཕྲིན་ཞིབ་བཤེར་བྱེད་ཐུབ་རིགས་ཚན་པ་གཞན་ལ་བསྐྱར་དུ་མཁོ་འདོན་བྱ་རྒྱུའི་རེ་བ་འདོན་མི་ཆོག་པ། དྲ་ཐོག་ནས་སྒྲུབ་ཐུབ་རིགས་ངེས་པར་དུ་ས་གནས་ས་ཐོག་ཏུ་སྒྲུབ་པར་ཡོང་དགོས་པའི་རེ་བ་འདོན་མི་ཆོག་པའི”མཚོ་སྔོན་གྱི་སྲིད་དོན་ཞབས་ཞུ་ལེགས་བསྡུས་ཅན་གྱི་ལས་སྟེགས་ལས་གཉེར་བྱས་རྗེས་མཚོ་སྔོན་ཞིང་ཆེན་གྱི་ཧྲེང་ཀྲང་གཞོན་པ་ཁོང་ཡུང་གིས་མཚོ་སྔོན་གྱི་ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་ལ་བླང་བྱ་དེ་ལྟར་བཏོན་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ཞིང་ཆེན་སྲིད་དོན་ཞབས་ཞུ་ལེགས་བསྡུས་ཅན་གྱི་ལས་སྟེགས་ལས་གཉེར་བྱེད་འགོ་བཙུགས་པ་ནི“དྲ་སྦྲེལ་+སྲིད་དོན་ཞབས་ཞུ”སྒྲུབ་འགོ་བཙུགས་པ་ཙམ་ཡིན། མཚོ་སྔོན་ཞིང་ཆེན་གྱིས་2020ལོར་སླེབས་སྐབས་སྲིད་དོན་ཞབས་ཞུའི་དོན་དག་ཚང་མའི་བརྒྱུད་རིམ་དེ་དག་དྲ་ཐོག་ནས་ལས་གཉེར་ཐུབ་རྒྱུའི་བརྩོན་ལེན་བྱས་ཏེ་མང་ཚོགས་ཚོར“དྲ་སྦྲེལ་+སྲིད་དོན་ཞབས་ཞུའི”ལས་སྟེགས་བཏོད་པའི་ཕན་འབྲས་མཉམ་སྤྱོད་ཐུབ་པ་བྱ་རྩིས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།