འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཆེན་པོའི་འགོ་ཁྲིད་པས་མི་དམངས་ལ་བཅངས་པའི་བརྩེ་སེམས་དང་གནམ་འོག་གི་
    ལས་འགན་ལྕི་པོ་ཁུར་བའི་བློ་སྟོབས་ལ་བསྔགས་བརྗོད་ཞུ།

    —— རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ལ་གྲོས་བསྡུར་འཁྲུག་པོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
         མི་དམངས་དྲ་བའི་འཕྲིན། ལོ་གསར་གྱི་སྔ་ནུབ་ཏུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་2018ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ནས་འདས་ཟིན་པའི་ལོ་གཅིག་ནང་གི་ཀྲུང་གོའི་འཕེལ་རྒྱས་ཀྱི་འོད་སྟོང་འཕྲོ་བའི་གྲུབ་འབྲས་ལ་ཕྱིར་དྲན་གནང་ཡོད་ལ། ལོ་གསར་པའི་གཙོ་གནད་ལས་དོན་ལ་རྒྱང་ལྟའང་གནང་ཡོད། ཤིས་ཚིག་ནང་དམངས་ལ་བདེ་སྐྱིད་སྐྲུན་པའི་བརྩེ་སེམས་ཟབ་མོས་ཕྱུག་ལ། ཕུགས་འདུན་ཆེད་འབད་འཐབ་བྱེད་པའི་དུས་རབས་ཀྱི་སྙིང་སྟོབས་ཀྱང་འདུས་ནས་འགན་འཁྲི་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཡིན་པའི་ཀྲུང་གོའི་ཁས་ལེན་དང་འགན་འཁྲི་འཁུར་སེམས་མངོན་ཡོད།
         ཕྱི་རྒྱལ་གྱི་ལས་རིགས་ཁག་གི་མི་སྣས་ཀྲུང་གོའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གཅིག་མཇུག་གཉིས་མཐུད་ངང་བསྔགས་བརྗོད་བྱས་ཡོད་ལ། འཛམ་གླིང་གི་མི་དམངས་ལ་ཕན་བདེ་བསྐྲུན་པར་བསྔགས་བརྗོད་ཀྱང་བྱས་ཡོད།
    ཧིན་རྡུ་ཉི་ཞི་ཡའི་ཇུས་འདོན་ཚོགས་པ་ཨེ་ཤེ་ཡའི་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་པན་པང་·སུར་གཡོད་ནོ་ཡིས་བརྙན་འཕྲིན་བརྒྱུད་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གནང་བའི་ལོ་གསར་གྱི་ཤིས་ཚིག་ཆ་ཚང་བལྟས་པས་དམངས་འཚོ་དང་འབྲེལ་བ་ཡོད་པའི་ནང་དོན་ལ་བག་ཆགས་ཟབ་མོ་བྱུང་ཡོད་ཅིང་། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ནང་སྔ་བར་ཕྱི་གསུམ་དུ་དམངས་འཚོའི་གནད་དོན་ཨང་དང་པོར་བཞག་ཡོད། དེ་ཐོག་ནས་ཀྲུང་གོའི་འཕེལ་རྒྱས་ཀྱི་མཐའ་མའི་དམིགས་ཡུལ་ནི་མི་དམངས་ལ་ཕན་འདོགས་རྒྱུ་དེ་ཡིན་པ་གསལ་བཤད་ཐུབ་པ་དང་། ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མི་སེར་གྱི་བདེ་སྡུག་ཨང་དང་པོར་བཞག་ཡོད། དེ་ཐོག་ནས་དམངས་ཆེད་སྲིད་འཛིན་པའི་བབ་ཆགས་པའི་འདུ་ཤེས་མཚོན་ཡོད། གསུང་བཤད་ཉན་པ་ཙམ་གྱིས་མི་སེམས་དྲོ་བ་དང་། མི་རྣམས་ལ་སྐུལ་ལྕག་ཐེབས་པ། མི་རྣམས་ངར་ཤུགས་འཕེལ་བ་བཅས་ཡོད་ཅེས་བརྗོད་ཀྱི་འདུག
    རི་པིན་ཤིན་ལིན་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིའུ་ཏིས་འདས་ཟིན་པའི་ལོ་གཅིག་ནང་། ཀྲུང་གོའི་ཚན་རྩལ་གསར་གཏོད་བྱེད་ཚད་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་ནས་ཀྲུང་གོའི་ཁེ་ལས་ཀྱི་རིན་ཐང་ཆེ་རུ་ཤུགས་ཆེན་ཕྱིན་ཡོད་ཅེས་བརྗོད་ཀྱི་འདུག
         ཨ་རིའི《གོ་ལ་ཧྲིལ་པོའི་ཐབས་ཇུས་ཆ་འཕྲིན》དུས་དེབ་ཀྱི་ཝ་ཧྲིང་ཐོན་ཡན་ལག་ཁང་གི་ཧྲེ་ཀྲང་རྒྱལ་སྤྱིའི་གནད་དོན་གྱི་རིགས་གཅིག་མཁས་ཅན་ཝུའེ་ལན་ཆུང་སིས་2017ལོར་ཀྲུང་གོར་ཐོབ་པའི་གྲུབ་འབྲས་མང་པོའི་ནང་། དབུལ་སྐྱོར་ནི་གལ་འགངས་ཆེ་ཤོས་ཀྱི་གྲུབ་འབྲས་ཤིག་རེད། དེ་འཛམ་གླིང་གི་ངོས་ནས་བརྗོད་ཚེ་སྔར་བྱུང་མ་མྱོང་བའི་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། དབུལ་ཕོངས་ཀྱི་གནད་དོན་མེད་པ་བཟོ་རྒྱུ་ནི་སྔར་ནས་བཟུང་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་འགྲན་སློང་གཙོ་བོ་དེ་ཡིན་པ་དང་། ད་ཆ་དབུལ་ཕོངས་ཀྱི་གནད་དོན་མེད་པ་བཟོ་བའི་ཕུགས་འདུན་ཀྲུང་གོར་དོན་དངོས་སུ་འགྱུར་བཞིན་ཡོད་པ་དང་འབྲེལ་གོ་ལ་ཧྲིལ་པོའི་ཁྱབ་ཁོངས་ནང་དགའ་ཚོར་ཡིད་སྨོན་གྱི་་སྐུལ་འདེད་ནུས་པ་ཆེན་པོ་ཐོན་ཡོད་ཅེས་བརྗོད་ཀྱི་འདུག
         མ་ལེ་ཞི་ཡའི་རྒྱའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་ཝུའུ་ཧེང་ཚན་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་ལོ་གསར་གྱི་ཤིས་ཚིག་ནང་ཀྲུང་ཧྭ་མི་རིགས་ཀྱི་གདེང་ཚོད་དང་བློ་སྟོབས་གང་ལེགས་མངོན་ཡོད། 2018ལོ་ནི་ཀྲུང་གོའི“འགོ་ཚུགས་ལོ”ཞིག་ཡིན་པའི་ངོས་འཛིན་བྱེད་པ་དང་། ཁོང་གིས་2018ལོའི་ཀྲུང་གོར་རྣམ་པ་གསར་པ་ཐོན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པའི་བརྒྱུད་རིམ་ནང་གི་ལོ་གལ་ཆེན་ཞིག་ཏུ་འགྱུར་ངེས་ཡིན་པའི་ཡིད་ཆེས་བྱེད་ཀྱི་འདུག
         ཧྥ་རན་སེའི་ཕ་རི་སིའི་སློབ་ཆེན་བརྒྱད་པའི་ཀྲུང་གོའི་གནད་དོན་རིགས་གཅིག་མཁས་ཅན་ཕི་ཨེར·ཕི་ཁར་གྱིས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི་དམིགས་ཚད་ཀྱི་གྲས་ཤིག་ནི་2020ལོར་སླེབས་སྐབས་ཀྲུང་གོས་ད་ལྟ་ལག་ལེན་བསྟར་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཐུབ་པ་བྱ་རྒྱུ་དེ་རེད། དེ་ཡང་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱེད་པའི་དམིགས་ཡུལ་གལ་ཆེན་ཞིག་རེད་ཅེས་བརྗོད་ཀྱི་འདུག
         རྒྱ་གར་ཉི་ཧེ་ལུའུ་སློབ་ཆེན་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་ཞིབ་འཇུག་ལྟེ་གནས་ཀྱི་དགེ་རྒན་ཆེ་མོ་བ་རྒྱ་རིག་པ་མཁས་ཅན་ཏི་པོ་ཅེས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོས་འཁུར་དགོས་པའི་རྒྱལ་སྤྱིའི་འོས་འགན་དང་འགན་འཁྲི་ཧུར་ཐག་འཁུར་རྒྱུ་དང་འབྲེལ་ཐུན་མོང་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བཏོན་གནང་ཡོད། དེ་ཐོག་ནས་ཀྲུང་གོས་འཛམ་གླིང་ཞི་བདེ་དང་བརྟན་ལྷིང་སྲུང་སྐྱོང་བྱེད་རྒྱུར་གཞོལ་ནས་ས་ཁོངས་དང་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་ལུགས་མཚོན་ཡོད་ཅེས་བརྗོད་པ་དང་། དེ་དང་ཆབས་ཅིག་ཁོང་གིས་ཀྲུང་གོས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱས་ཏེ་འཛམ་གླིང་མི་དམངས་ལ་ཕན་བདེ་སྐྲུན་འདོད་ཡོད་པའི་ཡིད་ཆེས་བྱེད་ཀྱི་འདུག
      

    ཕྱོགས་བསྡུས་གསར་འགྱུར།