འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་
    བརྒྱ་ལྷག་ཙམ་གསར་དུ་བསྣན་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་ལྔ་པའི་ཡོངས་བསྒྲགས་དུས་མཚམས་ཉིན་ཤས་གོང་དངོས་སུ་མཇུག་འགྲིལ་ནས་རྣམ་གྲངས་137བདམས་ཐོན་བྱུང་ཞིང་། འདི་ནི་ལོ་བཅུ་གྲངས་ནང་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བདམས་མང་ཤོས་ཤིག་ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཁག་ལྔ་པ་2016ལོ་ནས་འདེམས་འགོ་ཚུགས་ཤིང་། དཔྱད་འདེམས་ཚོགས་ཆུང་གིས་ཐོག་མར་རྣམ་གྲངས་221བདམས་རྗེས་རིགས་གཅིག་མཁས་ཅན་ཨུ་ལྷན་གྱི་ཁོངས་མི་51གིས་མཐའ་མའི་དཔྱད་འདེམས་བྱས་པ་བརྒྱུད་རྣམ་གྲངས་137བདམས་ཐོན་བྱུང་བ་དེ་དག་གི་ནང་དོན་དམངས་ཁྲོད་རྩོམ་རིག་དང་། སྲོལ་རྒྱུན་རོལ་མོ། སྲོལ་རྒྱུན་རི་མོ། སྲོལ་རྒྱུན་གསོ་རིག་སོགས་རིགས་དགུ་ལ་ཁྱབ་ཡོད་པ་ལས་མང་ཆེ་བ་ནི་སྲོལ་རྒྱུན་ལག་རྩལ་དང་དམངས་སྲོལ་རིགས་ཡིན་པ་རེད།
    བོད་ནི་མི་རིགས་དམངས་ཁྲོད་རིག་གནས་ཀྱི་ཐོན་ཁུངས་ཧ་ཅང་འབེལ་བའི་ལྗོངས་ཆེན་པོ་ཞིག་ཡིན་པས། མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་སྣ་མང་ཕུན་སུམ་ཚོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། 2005ལོར་བོད་ཀྱིས་མངོན་མིན་རིག་གནས་ཤུལ་བཞག་ཐོན་ཁུངས་ཡོངས་བཤེར་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཤིང་། ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ཁག་སྔོན་མ་བཞིའི་རྣམ་གྲངས་323ཟིན་པ་དང་། མིག་སྔའི་བར་བོད་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་460ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།