འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་མགོ་ལོག་ཁུལ་གྱིས"དོ་སྣང་གསུམ"སྒྲོག་འགྲེལ་བྱས་ནས་ཚོགས་ཆེན་བཅུ་དགུ་
    པའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བར་བྱས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་བསྟུད་མར་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱིས་དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་ཇུས་འགོད་ལ་དོ་སྣང་བྱེད་པ་དང་། དྲིལ་བསྒྲགས་དང་སྒྲོག་འགྲེལ་བྱེད་སྟངས་ལ་དོ་སྣང་བྱེད་པ། དྲིལ་བསྒྲགས་དང་སྒྲོག་འགྲེལ་གྱི་དངོས་ཕན་ལ་དོ་སྣང་བཅས་བྱས་ནས་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྒྲོག་འགྲེལ་བྱེད་པ་དང་། བོད་རྒྱ“ཡིག་རིགས་གཉིས”གོ་བདེའི་ངང་སྒྲོག་འགྲེལ་བྱེད་པ། མང་ཚོགས་དང་ཚོགས་པ་སྒྲིག་འཛུགས་བྱས་ནས་ཁག་བགོས་སྒྲོག་འགྲེལ་བྱེད་པ། རྐང་འཛིན་པ་སྒྲིག་འཛུགས་བྱས་ནས་སྒྲོག་འགྲེལ་གཏིང་ཟབ་བྱེད་པ། རིག་རྩལ་འཁྲབ་སྟོན་བྱས་ནས་སྐོར་སྐྱོད་སྒྲོག་འགྲེལ་བྱེད་པ། གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་ནས་གསར་གཏོད་སྒྲོག་འགྲེལ་བྱེད་པ་བཅས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མི་ཚང་མས་ཤེས་པ་དང་། སེམས་སུ་ཟུག་པ། དོན་ཐོག་ཏུ་འཁྱོལ་བ་བཅས་བྱས་པ་རེད།
         ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པར་སྒྲོག་འགྲེལ་སློབ་གསོ་དང་རིགས་པའི་གཞུང་ལུགས་འགྲེལ་བཤད་དང་ཁ་བྲལ་ཐབས་མེད། མགོ་ལོག་ཀྲོའུ་དང་རྫོང་རིམ་གཉིས་ཀྱི་ཚན་ཁག་ཆེ་གྲས་བཞིའི་ཁོངས་མིས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ཏེ་འབྲེལ་གཏུག་ས་ཚིགས་ཀྱི་རྫོང་དང་། འབྲེལ་གཏུག་ས་ཚིགས་ཀྱི་ཤང་དང་གྲོང་ཚོ། ཁག་བགོས་དོ་དམ་ཚན་པ་བཅས་སུ་སྐྱོད་ནས་སྒྲོག་འགྲེལ་བྱས་ཤིང་། གནས་ཀྱིས་གནས་འཁྲིད་པ་དང་ངོ་ཐུག་གདོང་འཕྲད་ཀྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་བརྒྱུད་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་གོ་བ་ལེན་ཚད་དང་ཁོང་དུ་ཆུད་ཚད་ཟབ་ཏུ་ཕྱིན་པ་དང་། མི་རིགས་ས་ཁུལ་གྱི་ཁྱད་ཆོས་ལ་གཞིགས་ནས་བོད་རྒྱ“ཡིག་རིགས་གཉིས”ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་ཤང(གྲོང་རྡལ)དང་། གྲོང་ཚོ(སྡེ་ཁུལ) དགོན་སྡེ། སློབ་གྲྭ ཁེ་ལས། དམག་སྒར་སོགས་སུ་སྐྱོད་ནས་གཞི་རིམ་ཏང་ཡོན་དང་། ལས་བྱེད། ཞིང་འབྲོག་མང་ཚོགས་བཅས་ལ་ཕྱོགས་ཏེ་མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་སེམས་སུ་ཟུག་པའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་65སྤེལ་བ་དང་ཆབས་ཅིག་བོད་རྒྱ་ཡིག་རིགས་གཉིས་བྲིས་པའི“དེབ་ཆུང”ཁྲི་5ལྷག་ཙམ་མང་ཚོགས་ཀྱི་ལག་ཏུ་སྤྲད་པར་ས་གནས་དེ་གའི་མང་ཚོགས་ཀྱི་དགའ་བསུ་དང་གདེང་འཇོག་ཡག་པོ་ཐོབ་པ། དམིགས་ཡུལ་མི་འདྲ་བ་དང་། ཚོགས་སྤྱི་མི་འདྲ་བ། དགོས་མཁོ་མི་འདྲ་བ་བཅས་ལ་གཞིགས་ནས་རིམ་ཁག་སྡེ་ཚོགས་ཨུ་ལྷན་དང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་སྒྲོག་འགྲེལ་ཚོགས་པ་སྒྲིག་འཛུགས་བྱས་ནས་སློབ་གྲྭ་དང་། དམག་སྒར། སྡེ་ཁུལ་བཅས་སུ་སྐྱོད་དེ་བཞུགས་མོལ་ཚོགས་འདུ་དང་སྒྲོག་འགྲེལ་ཚོགས་འདུ་སོགས་བརྒྱུད་ཁྱད་ཆོས་སྣ་ཚོགས་ལྡན་པའི་སྒྲོག་འགྲེལ་བྱེད་སྒོ་ཐེངས་25སྤེལ་ནས་ཏང་ཡོན་མང་ཚོགས་སྡོད་ཐུབ་པ་དང་། སྦྱོང་ཐུབ་པ། གོ་ཐུབ་པ། སྒྲུབ་ཐུབ་པ་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།