འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།"ཀན་ལྷོའི་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩེར་སོན་ཐང་གའི་འགྲེམས་སྟོན"མཚོ་ལྷོ་ཞིང་ཆེན་
    རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཚོ་ལྷོ་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ལོ་གསར་གྱི་མཚམས་སུ“ཀན་ལྷོ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྩེར་སོན་ཐང་ག་བཀྲ་ཤིས་བདེ་ལེགས”ཞེས་པའི་འགྲེམས་སྟོན་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་དུ་འགྲེམས་འགོ་ཚུགས་ནས་ཐང་ག་སོགས་རྩ་ཆེའི་རིག་དངོས་དང་བརྩམས་ཆོས་བརྒྱ་ཙམ་འགྲེམས་སྟོན་བྱས་པ་རེད།
    ད་ཐེངས་ཀྱི་འགྲེམས་སྟོན་ལ་ཀན་ལྷོ་བླ་བྲང་ཚེ་འབུམ་ཐང་གའི་ལྟེ་གནས་སུ་ཆིང་རྒྱལ་རབས་ཀྱི་ཐང་ག་དང་འཚེམ་དྲུབ་ཐང་ག་དང་དེ་བཞིན་བོད་རིགས་ཀྱི་གྱོན་གོས་སོགས་ཡོད། འགྲེམས་སྟོན་ལ་གཞོགས་འདེགས་བྱ་ཆེད། ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གིས་དུས་མཚུངས་སུ“བཀྲ་ཤིས་གཡང་གིས་ཕྱུག རྟགས་བརྒྱད་ཕྱག་སོར་ལས་འཁྲུངས”ཞེས་པའི་བྱེད་སྒོ་སྤེལ་བ་དང་འགྲེལ་བཤད་རྒྱག་མཁན་གྱིས་ལྟ་སྐོར་བ་ཚོའི་སྣེ་ཁྲིད་དེ་ལྟ་སྐོར་བྱས་པ་དང་། དེ་རྗེས་ལྟ་སྐོར་བ་ཚོས་སྒེར་གྱི་དགའ་ཕྱོགས་ལ་གཞིགས་ནས་བཀྲ་ཤིས་གཡང་རྟེན་གདམ་ག་བྱེད་ཆོག་པ་དང་ཆེད་ལས་མི་སྣའི་མཛུབ་ཁྲིད་འོག་ཐུན་མིན་ཁྱད་ལྡན་གྱི་རི་མོ་ཞིག་བྲིས་ནས་རི་མོ་འབྲི་བའི་བརྒྱུད་རིམ་ཁྲོད་ཐང་གའི་སྒྱུ་རྩལ་ཤེས་རྟོགས་བྱས་པ་མ་ཟད། མངོན་མིན་རིག་གནས་ཤུལ་བཞག་ཀྱང་ཤེས་རྟོགས་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོ་དེ་ལོ་6ནས་12བར་གྱི་གཞོན་ནུ་ལོ་ཆུང་ལ་དམིགས་ནས་སྤེལ་བ་ཞིག་ཡིན། ཟླ་དང་པོའི་ཚེས་6ནས་28ཉིན་བར་གྱི་གཟའ་སྤེན་པ་དང་ཉི་མར་སྤེལ་རྒྱུ་དང་དུས་བཀག་རེར་མི་20ལས་མང་མི་རུང་། ཟླ་3ཚེས་4ཉིན་བར་འགྲེམས་སྟོན་བྱ་རྒྱུ་ཡིན་པས། སྤྱི་དམངས་ཀྱིས་ཞིང་ཆེན་རྟེན་རྫས་བཤམས་མཛོད་ཁང་གི་འགྲེམས་ཁང་དང་པོར་རིན་མེད་ངང་ལྟ་སྐོར་བྱེད་ཆོག
      

    ཕྱོགས་བསྡུས་གསར་འགྱུར།