འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་ཚོང་ལས་གཉེར་སྐྱོང་བྱེད་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་04ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་ཚོང་ལས་གཉེར་སྐྱོང་བྱེད་
འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་1ཉིན། ཀྲུང་གོ་ལྕགས་ལམ་ཅུས་དང་ཀྲུང་གོ་ཨར་ལས་ཚོགས་པས་སྐྲུན་འགན་འཁུར་བ་དང་འབྲེལ་གཉེར་སྐྱོང་དང་སྲུང་སྐྱོང་བྱེད་པའི་ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ཚད་ལྡན་ལྕགས་ལམ་ཚོང་ལས་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།
         ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ནི་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་གྱི་ཚད་ལྡན་ལྕགས་ལམ་གྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཐོག་མ་དེ་ཡིན་པ་དང་། འཛུགས་སྐྲུན་བྱེད་རིང་ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་གྱིས་རྒྱལ་སྤྱིའི་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་འབྲུ་རིགས་ཏུན་ཁྲི་10ལྷག་ཙམ་སྐྱེལ་འདྲེན་བྱས་ནས་ཨེ་ཙེ་ཨོ་ཕི་ཡའི་ཐན་སྐྱོན་ཆུང་དུ་གཏོང་ཆེད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད། ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་འགྲུལ་ཟོག་སྐྱེལ་འདྲེན་ཚོང་ལས་གཉེར་སྐྱོང་བྱས་རྗེས་ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་སྐམ་ལམ་འགྲིམ་འགྲུལ་གྱི་འཁོར་རྒྱུག་དུས་ཚོད་དེ་སྔའི་གཟའ་འཁོར་1ནས་ད་ལྟའི་ཉིན་1གི་བར་ཐུང་དུ་བཏང་སྟེ་རྒྱལ་ཁབ་གཉིས་ཀྱི་ཟོག་འགྲེམས་ཀྱི་ལས་ཆོད་དང་ལམ་རྒྱུད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད།
    ༄༅།།ཨེ་ཙེ་ཨོ་ཕི་ཡ་ནས་ཅི་པོའུ་ཐི་བར་གྱི་ལྕགས་ལམ་ཕྱོགས་ཡོངས་ནས་ཚོང་ལས་གཉེར་སྐྱོང་བྱེད་
འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།