འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཉིང་ཁྲིར་ས་ཡོམ་རིམ་པ་5བརྒྱབ་པར་མི་སྣ་འཆི་རྨས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 09:59】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་(བྱང་གི་འཕྲེད་ཐིག་ཏུའུ་29.9དང་ཤར་གྱི་གཞུང་ཐིག་ཏུའུ་95.1)སུ་ཚེས་20ཉིན་གྱི་ཆུ་ཚོད་1དང་སྐར་མ་40དང་ཆུ་ཚོད་4དང་སྐར་མ་8ལ་ས་ཡོམ་ཐེངས་གཉིས་བརྒྱབ་སྟེ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་དང་སྨན་གླིང་རྫོང་དུ་ཡོམ་ཚོར་དྲག་པོ་བྱུང་ཡོད་པ་རེད། ཆུ་ཚོད་11བར་ས་གནས་དེ་ག་ནས་མི་སྣ་འཆི་རྨས་དང་རྒྱུ་ནོར་གྱི་གྱོང་གུན་ཕོག་པའི་སྙན་ཞུ་འབྱོར་མེད་ལ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་རྒྱུན་གཏན་ལྟར་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།