འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱིས་2018ལོར་སླར་ཡང་དབུལ་པོ་ཁྲི་14ཡན་ཉུང་དུ་གཏོང་རྩིས་ཡོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་22ཉིན། 10:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱིས་2018ལོར་སླར་ཡང་མི་འབོར་དབུལ་པོ་ཁྲི་14ཡན་ཉུང་དུ་གཏོང་རྩིས་ཡོད་པ་དང་ཆབས་ཅིག གྲོང་ཚོ་དབུལ་པོ་2000ཕྱིར་འཐེན་དང་། རྫོང་དང་ཆུས་དབུལ་པོ་25ཡི་དབུལ་ཞྭ་འབུད་རྒྱུ་མ་ཟད། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱ་རྒྱུ་རེད།
           བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་སྦྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་སྤྱི་ཡོངས་རང་བཞིན་གྱི་ཤིན་ཏུ་དབུལ་བའི་ས་ཁུལ་འབའ་ཞིག་རེད། 2020ལོར། ད་ལྟ་ལག་བསྟར་བྱེད་བཞིན་པའི་ཚད་གཞིའི་འོག་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་དང་རྫོང་དབུལ་པོ་ཚང་མ་དབུལ་ཞྭ་འབུད་རྒྱུ་འགན་ལེན་གྱིས་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་དབུལ་པོ་ཡིན་པའི་གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱིས་2018ལོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱ་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་ལ་ཚོད་འཛིན་ཕོག་པའི་འཇུར་མིག་སེལ་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་མ་དངུལ་སྒོར་དུང་ཕྱུར་2000ལྷག་ཙམ་བཏང་ནས་ཆུ་དང་། གློག ལམ། འཕྲིན་གཏོང་། དྲ་བ་བཅས་དང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། འགན་བཅོལ་བཅས“མཐོར་གཏོང་བཅུའི”འདུ་འགོད་ལ་སྐུལ་འདེད་གཏོང་བའི་ཁྲོད་གསར་སྣོན་གྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་དང་མ་དངུལ་གྱི་90%ཡན་ཤིན་ཏུ་དབུལ་བའི་ས་ཁུལ་ལ་གཏོང་རྒྱུ་ཡིན་པ་རེད།
          དེ་དང་ཆབས་ཅིག བོད་ཀྱིས་ཐོན་ལས་དབུལ་སྐྱོར་ཐད་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དབུལ་སྒྲོལ་འབབ་འཕར་གྱི་ཕུགས་ཕན་འདེགས་སྐྱོར་བསྐྲུན་རྒྱུ་རེད། འབྱུང་འགྱུར་བོད་ཀྱིས་ས་མཐོ་དང་། སྣོད་བཅུད། ལྗང་མདོག་སོགས་ཐོན་ཁུངས་ལ་བརྟེན་ནས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་ཀྱི་མི་མངོན་པའི་ནུས་ཤུགས་དེ་བས་ཆེ་བ་སྔོག་འདོན་བྱ་རྒྱུ་རེད། 2017ལོའི་ཟླ་10པའི་ཟླ་མཇུག་བར། བོད་ཀྱིས་ཐོན་ལས་དབུལ་སྐྱོར་གྱི་མ་དངུལ་སྒོར་དུང་ཕྱུར་100ལྷག་ཙམ་དོན་འཁྱོལ་གནད་འཁེལ་བྱས་ནས་མི་ཁྲི་5.12དབུལ་སྒྲོལ་ཐུབ་རྒྱུར་ཐད་ཀར་སྣེ་ཁྲིད་བྱས་པ་དང་མི་ཁྲི་20ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།
          གཞན་ཡང་། བོད་ཀྱིས་ད་དུང་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དམིགས་བསལ་གྱི་དབུལ་པོའི་གནད་དོན་ཐག་གཅོད་བྱ་རྒྱུ་རེད། མིག་སྔར་བོད་ཀྱིས་ཐོན་སྐྱེད་ཀྱི་དཔྱད་གཞིའི་ཡིག་རིགས་བལྟོས་བཅས་ཀྱིས་མང་བ་དང་རྨང་གཞིའི་སྒྲིག་བཀོད་བལྟོས་བཅས་ཀྱིས་འཐུས་སྒོ་ཚང་བའི་ས་ཁུལ་དུ་རིམ་རྩིས་ལྟར་ན་བཀོད་སྒྲིག་ས་ཚིགས་714བསྐྲུན་ནས་མི་ཁྲི་10ལྷག་ཙམ་རང་མོས་ངང་གནས་སྤོ་ལེགས་སྒྲུབ་ཟིན་པ་རེད། གོམ་སྟབས་རྗེས་མར་བོད་ཀྱིས་ཆུ་བེད་འཛུགས་སྐྲུན་དང་། ས་ཆ་ཁོད་སྙོམས། ཐོན་ལས་འཛུགས་སྐྲུན་སོགས་ཀྱི་བྱ་ཐབས་སྤྱད་དེ་ཆབ་མདོའི“ས་ངན”སྦྲེལ་ཁུལ་སོགས་འཚོ་གནས་དང་གནས་སྡོད་ལ་མི་འཚམ་པའི་ས་ཁུལ་ཁྱོན་ཡོངས་སྤོ་བའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།