འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ང་རང་གིས་བརྒྱུད་མྱོང་བའི་ནན་ཅིང་དམར་གསོད་ཆེན་མོ།

    —— སྲོག་ཉེན་ལས་ཐར་མཁན་གྱི་དྲན་ཤེས་ནས་སྐྱ་རིས་སུ་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 15:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཞུང་ཧྲུའུ་ལན། 1931ལོའི་ཟླ་9ཚེས་14ཉིན་སྐྱེས།
    ཞུང་ཧྲུའུ་ལན། 1931ལོའི་ཟླ་9ཚེས་14ཉིན་སྐྱེས།
          མི་དམངས་དྲ་བའི་འཕྲིན། 1937ལོའི་ཟླ་12ཚེས་13ཉིན། ནན་ཅིང་གྲོང་ཁྱེར་དགྲ་ལག་ཏུ་ཤོར། དེ་རྗེས་སུ། ཀྲུང་གོ་བ་མི་གྲངས་ཁྲི་30ལྷག་ཙམ་ཞིག་ཀྲུང་གོར་བཙན་འཛུལ་བྱས་པའི་ཉི་ཧོང་དམག་དཔུང་གིས་རེ་གཟའ་དྲུག་གི་རིང་ལ་སྐྱི་གཡའ་རུང་བའི་དམར་གསོད་ཆེན་མོ་བཏང་བ་རེད། གེགས་ཆེན་འདིའི་རྗེས་ཀྱི་ལྷག་ལུས་ནན་ཅིང་དམར་གསོད་ཆེན་མོའི་སྲོག་ཉེན་ལས་ཐར་མཁན་ཚོ་ནི་ལོ་རྒྱུས་ཀྱི་དོན་རྐྱེན་འདིའི"བདེན་དཔང་གསོན་པོ"ཞིག་ཡིན་ལ། ལོ་རྒྱུས་ཀྱིས་ཁོང་ཚོར་དུས་ནམ་ཡིན་ཡང་བརྗེད་ཐབས་དཀའ་བའི་རྨ་ཁ་དང་དཀའ་སྡུག་གི་དྲན་འཆར་ཞིག་བཞག་ཡོད་པ་རེད།
           2017ལོ་ནི་ནན་ཅིང་དམར་གསོད་ཆེན་མོ་བྱུང་ནས་ལོ་ངོ་80འཁོར་ཡོད་ལ། ལོ་ཟླ་ཐིམས་ཏེ། ད་ལྟ་ཐོ་རུ་བཀོད་པའི་ནན་ཅིང་དམར་གསོད་ཆེན་མོའི་སྲོག་ཉེན་ལས་ཐར་མཁན་མི་གྲངས་བརྒྱ་ཙམ་ཡང་ཟིན་གྱི་མེད་པ་རེད། ནན་ཅིང་དམར་གསོད་ཆེན་མོའི་སྲོག་ཉེན་ལས་ཐར་མཁན་ཚོར་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་བཅར་འདྲི་ཞུས་ཏེ། ཁོང་ཚོའི་འཚོ་བ་དང་བར་ཐག་ཉེ་བར་བསྐྱོད་དེ། ཁོང་ཚོའི་བདེན་གཏམ་ཟིན་ཐོར་བཀོད་པ་དང་། ཁོང་ཚོའི་བྲིས་རྒྱུན་གསོག་ཉར་བྱས་རྗེས། ལག་པས་སྐྱ་ཐིག་བཏང་ནས་རི་མོ་འབྲི་བ་དང་བརྙན་ཕབ་ཟུང་འབྲེལ་གྱི་ཞིབ་འབྲི་བྱས་པ་ལས་ནན་ཅིང་དམར་གསོད་ཆེན་མོའི་ཁོང་ཚོའི་མྱོང་བ་བསྐྱར་དུ་གསལ་བར་བྱས་ནས། རྗེས་རབས་པར་ལོ་རྒྱུས་བརྟན་པོར་ངེས་བྱེད་ཀྱི་བདེན་དཔང་བཞག་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】  【10】  【11】
    དབྱི་ལན་དབྱིན། 1926ལོའི་ཟླ་5ཚེས་4ཉིན་སྐྱེས།
    དབྱི་ལན་དབྱིན། 1926ལོའི་ཟླ་5ཚེས་4ཉིན་སྐྱེས།
      

    ཕྱོགས་བསྡུས་གསར་འགྱུར།