འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་གསར་ཚེས་གཅིག་གི་མེ་འཁོར་སྤ་སེ་ཟླ་12ཚེས་12ཉིན་ནས་བཟུང་སྔོན་ཉོ་བྱས་ཆོག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་11ཉིན། 15:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན། ཀྲུང་གོའི་ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུ་ལྟེ་གནས་ཀྱི་དྲ་ཚིགས་( www.12306.cn )སུ་སྤྱི་བསྒྲགས་སྤེལ་ཏེ་རྒྱལ་ཡོངས་ཀྱི་ལྕགས་ལམ་འཁོར་སྐྱོད་གསར་པའི་ལམ་ཐིག་པར་རིས་ཀྱི་བཟོ་སྐྲུན་ལས་དོན་ཕྱོགས་ཡོངས་ནས་ལེགས་གྲུབ་བྱུང་ཡོད་པས། ཟླ་12ཚེས་12ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་ཡུལ་སྐོར་ལམ་ཐིག་གཙོ་གྲས་ཀྱི་དུས་གཏན་མེ་འཁོར་སྤ་སེ་དྲ་ཐོག་དང་ཁ་པར་ནས་ཉིན་སུམ་ཅུའི་གོང་ལ་མངགས་ཉོ་བྱས་ཆོག་ཚུལ་བརྗོད་ཡོད་པ་རེད།
          ཟླ་11ཚེས་27ཉིན། ལྕགས་ལམ་འགྲུལ་སྐྱེལ་ཞབས་ཞུ་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་ཏེ་རྒྱ་ཆེའི་ཡུལ་སྐོར་བ་ཚོ་ཕྱི་རུ་སྐྱོད་པའི་དགོས་མཁོ་སྔར་ལས་ལྷག་པར་སྐོང་བའི་ཆེད་དུ། ལྕགས་ལམ་སྡེ་ཁག་གིས་མི་འགྱངས་པར་ལག་ལེན་བསྟར་རྒྱུའི་ལམ་ཐིག་གསར་པ་སྤྱོད་འགོ་ཚུགས་རྒྱུ་རེད། ཡུལ་སྐོར་དུས་གཏན་མེ་འཁོར་གྱི་འཁོར་སྐྱོད་ལམ་ཐིག་ཕྱོགས་ཡོངས་ནས་སྙོམས་སྒྲིག་དང་ལེགས་བཅོས་བྱས་པར་བརྟེན། གནས་སྐབས་མེ་འཁོར་སྤ་སེ་སྔོན་འཚོང་བྱེད་པར་བསྒྱུར་ནས་ཟླ་11ཚེས་27ཉིན་ནས་བཟུང་སྟེ། ཟླ་12ཚེས་25ཉིན་བར་(དུས་གཏན་མེ་འཁོར་གཏོང་དུས་ཀྱི་དུས་ཚོད་དང་།)སྔོན་གྱི་མེ་འཁོར་སྤ་སེ་མ་གཏོགས་མི་འཚོང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།