འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་འབྲོག་ཁུལ་གྱི་མཛེས་ལྗོངས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དགུན་དུས་འབྲོག་ཁུལ་གྱི་མཛེས་ལྗོངས།
         མི་དམངས་དྲ་བའི་འཕྲིན། རྔ་བ་ཁུལ་རྐ་ཁོག་རྫོང་ནི་འབྲུ་ཆུ་དང་རྨ་ཆུ་སྟོད་རྒྱུད་ཀྱི་སྐྱེ་ཁམས་ནུས་པ་ཐོན་ཁུལ་གཙོ་གནད་དུ་གནས་ཡོད་པ་དང་། གཙོ་བོ་ནི་དམར་དམག་རྒྱང་སྐྱོད་བྱེད་སྐབས་སྐྱོད་མྱོང་སའི་རྩྭ་ཐང་ཆེན་པོ་ལས་གྲུབ་ཅིང་། 1960ལོར་ཙུང་ལི་ཀྲོའུ་ཨེན་ལའེ་ཡིས་མིང་བཏགས་ཏེ་རྫོང་བཙུགས་པ་རེད། དེར་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་8400ཡོད་པ་དང་། གྲོང་རྡལ་5དང་ཤང་6 མི་གྲངས་ཁྲི་4.7བཅས་ཡོད་ལ། བོད་རིགས་ཀྱིས་84%ཟིན་པ་དང་། ཞིང་འབྲོག་པས་78%ཟིན་པ། ཆ་སྙོམས་སུ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3600ཡན་ཟིན་པ་བཅས་ཡིན་པས། རྔ་བ་ཁུལ་གྱི་རྒྱ་མཚོའི་ངོས་ལས་མཐོ་ཤོས་དང་། ནམ་ཟླ་སྡུག་ཤོས། ཆ་རྐྱེན་དཀའ་ཚེགས་ཆེ་ཤོས་བཅས་པའི་ཕྱུགས་ལས་ཁེར་གཙང་གི་རྫོང་ཞིག་རེད། དགུན་ཁ་སླེབས་རྗེས། མཐོ་སྒང་གི"གསེར་དངུལ་གྱི་བྱེ་ཐང"དུ་འབོད་སྲོལ་ཡོད་པའི་རྐ་ཁོག་རྫོང་ལ་ཡིད་དུ་འོང་བའི་མཛེས་ལྗོངས་ཤིག་ཤར་བ་རེད།
    【1】  【2】  【3】
    ༄༅།།དགུན་དུས་འབྲོག་ཁུལ་གྱི་མཛེས་ལྗོངས།
      

    ཕྱོགས་བསྡུས་གསར་འགྱུར།