འཚོལ་བཤེར།   
藏文频道
2017ལོའི་ཟླ་12ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཐོ་སྒང་གི་དུག་སྦྲུལ་མགོ་ཟུར་གསུམ་མ་རིགས་གསར་པ་
    ཞིག་མཐོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 12ཚེས་08ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཐོ་སྒང་གི་དུག་སྦྲུལ་མགོ་ཟུར་གསུམ་མ་རིགས་གསར་པ་
ཞིག་མཐོང་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོའི་ཚན་རིག་ཁང་གི་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་གསལ། ཞིབ་འཇུག་མི་སྣས་ཉེ་སྔོན་གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཐོ་སྒང་གི་དུག་སྦྲུལ་མགོ་ཟུར་གསུམ་མ་རིགས་གསར་པ་ཞིག་མཐོང་བ་མ་ཟད། དེའི་མིང་ལ"མཐོ་རིའི་དུག་སྦྲུལ་དམར་ཁྲ"ཞེས་པའང་བཏགས་ཤིང་།ཞིབ་འཇུག་བྱས་འབྲས་ནི་ཉེ་ཆར་རྒྱལ་སྤྱིའི་དུས་དེབ་《སྐམ་ཆུ་གཉིས་འཚོའི་ལྟོ་བགྲོད་སྲོག་ཆགས་》ཞེས་པའི་ཐོག་ཏུ་སྤེལ་བ་རེད། སྲོག་ཆགས་འདི་རིགས་ལ་མིང་བཏགས་མཁན་གྲས་ཤིག་དང་ཀྲུང་གོ་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་ཅན་གྱི་སྲོག་ཆགས་དང་གནའ་མི་ཞིབ་འཇུག་ཁང་དུ་སློབ་གཉེར་བྱེད་བཞིན་པའི་འབུམ་རམས་པ་སློབ་མ་ཧྲི་ཅིང་སོང་གིས་ངོ་སྤྲོད་བྱས་པ་ལྟར་ན། དུག་སྦྲུལ་མགོ་ཟུར་གསུམ་མ་འདི་རིགས་ཀྱི་གཟུགས་པོའི་སྒལ་གཞོགས་སུ་དམར་ཁྲ་ཆེན་པོ་གཉིས་ཡོད་པ་མ་ཟད། དེ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་4000ཡན་གྱི་མཐོ་སྒང་དུ་འཚོ་བཞིན་ཡོད་པས། ཀྲུང་གོའི་དུག་སྦྲུལ་ཁྱབ་ཚུལ་གྱི་ས་བབ་མཐོ་ཤོས་ཀྱི་ཟིན་ཐོ་བཏོད་པ་རེད།
    【1】  【2】  【3】
    ༄༅།།གཙང་གསུམ་ཆུ་འགོའི་ས་ཁུལ་དུ་མཐོ་སྒང་གི་དུག་སྦྲུལ་མགོ་ཟུར་གསུམ་མ་རིགས་གསར་པ་
ཞིག་མཐོང་བ།
      

    ཕྱོགས་བསྡུས་གསར་འགྱུར།