འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་ཏེ། ཀོང་པོའི་ལོ་གསར་བསུ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་17ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ཕན་ཚུན་གྲོ་སོ་ཕྱེ་མར་འདེགས་པ།
    ཕན་ཚུན་གྲོ་སོ་ཕྱེ་མར་འདེགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་15ཉིན། བོད་ལྗོངས་སུ་ཟླ་འདིའི་ཟླ་དཀྱིལ་དུ་2017ནས་2018བར་གྱི་ལོ་གསར་སྔ་ཤོས་ཏེ། ཀོང་པོ་ལོ་གསར་གྱི་སྔུན་དུ་བསུ་བ་མ་ཟད། འདི་ནས་འགོ་བརྩམས་ཏེ། བོད་ལྗོངས་སུ་རིམ་བཞིན་ལོ་གསར་བཞི་འགོ་འཛུགས་ཀྱི་དགའ་སྟོན་རྟེན་འབྲེལ་ཞུ་བའི་དུས་སུ་སླེབས་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ཀོང་པོ་ལོ་གསར་ཚེས་གཅིག་ནི་སྤྱི་ཟླ་11པའི་ཚེས་19ཉིན་ཡིན་ཞིང་། དེ་ནི་བོད་ལྗོངས་ཀྱི་ལོ་གསར་སྔ་ཤོས་དེ་ཡིན་པ་དང་། ལོ་མང་པོའི་ཡར་སྔོན་དུ་ཀོང་པོ་ས་ཁུལ་གྱི་ལོ་གསར་ནི་བོད་ལྗོངས་ཀྱི་ས་ཆ་གཞན་པ་དང་གཅིག་མཚུངས་ཡིན་ཏེ། བོད་ཟླ་དང་པོའི་ཚེས་གཅིག་ལ་གཏོང་བ་རེད། དེ་ནས་ཀོང་པོ་ཨ་རྒྱལ་རྒྱལ་པོའི་སྐབས་སུ། ཁོ་པའི་ཚོ་པ་དར་རྒྱས་ཆེན་པོ་བྱུང་། ལོ་ཞིག་གི་སྟོན་དུས་སུ། དྲག་ཆེ་བའི་དམག་དཔུང་ཞིག་ཀོང་པོའི་བྱང་ཕྱོགས་ཀྱི་མཐའ་མཚམས་སུ་སྒར་ལ་བབས་སྟབས། དམག་གི་གནས་ཚུལ་ཛ་དྲག་ཆེ་བས། ཀོང་པོ་ཨ་རྒྱལ་གྱིས་ཀོང་པོའི་སྐྱེས་པ་འཕྲལ་མར་བསྡུས་ནས་དམག་འཐབ་གྲ་བསྒྲིགས་བྱས་པ་རེད། དེ་དུས་ལོ་མཇུག་དང་སྐབས་འཁེལ་བས། ཀོང་པོ་ཨ་དར་ཚོ་ལོ་གསར་གྱི་ནས་ཆང་དང་ལོ་གསར་གྱི་ཞིམ་ཟས་ལ་རོལ་ཁོམ་མེད་པ་རེད། དེའི་ཕྱིར། ཀོང་པོ་ཨ་རྒྱལ་གྱིས་བཀའ་ཕབ་ནས། ལོ་གསར་སྔ་སྣུར་དུ་བཏང་སྟེ་ཟ་འཐུང་ལ་གང་འདོད་རོལ་ཞིང་། རྩེད་འཇོའང་ཡིད་ཚིམ་པ་ཞིག་རྩེད་རྗེས། ད་གཟོད་དམག་ལ་བསྐྱོད་པས། གཞན་གྱིས་འགྲན་ཟླ་བྲལ་ཏེ་དམག་འཁྲུག་ལས་རྣམ་པར་རྒྱལ་བ་དང་། དགྲ་བོར་ཕར་རྒོལ་བྱས་པར་རྒྱལ་ཁ་ཆེན་པོ་ཐོབ་ནས། ཀོང་པོ་ཁུལ་གྱི་ཞི་བདེ་བསྲུངས་ཡོད་པ་རེད། 
         དེ་ནས་བཟུང་ཀོང་པོའི་མི་དམངས་ཚོས་ལོ་རེའི་བོད་ཟླ་བཅུ་པའི་ཚེས་1ཉིན་ནི་ཀོང་པོ་ལོ་གསར་ལ་གཏན་འཁེལ་བྱས་པ་དང་། ད་བར་དུ་རྒྱུན་མཐུད་བྱེད་ཡོད་པ་རེད། 
    ཆུ་ཕུད་ལེན་བཞིན་པ། 
    ཆུ་ཕུད་ལེན་བཞིན་པ། 
    ལོ་གསར་ལ་ལྕེ་ལྡག་བཟའ་བ། 
    ལོ་གསར་ལ་ལྕེ་ལྡག་བཟའ་བ། 
     བི་ཤུ་འཕེན་པ།
     བི་ཤུ་འཕེན་པ།
      

    ཕྱོགས་བསྡུས་གསར་འགྱུར།