འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ཧུང་ཡོན་རྫོང་གིས"སྐར་མ་རིམ་ལྔའི་ཡར་སྐུལ"ལམ་སྲོལ་འཚོལ་ཞིབ་བྱས་པ།

    དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པའི་ནང་གནས་སྒུལ་ཤུགས་ཆེ་རུ་བཏང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:37】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། དུད་ཚང་དབུལ་པོ་དབུལ་སྒྲོལ་ཐུབ་པའི་ནང་གནས་སྒུལ་ཤུགས་ཆེ་རུ་དང་དབུལ་སྒྲོལ་ལས་དོན་ལ་ཞུགས་པའི་འདུ་ཤེས་ཟབ་ཏུ་བཏང་སྟེ་དུད་ཚང་དབུལ་པོའི“བསམ་བློ་གཏོང་སྟངས”གསར་གཏོད་བྱ་ཆེད། སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཡིན་པའི་ཧུང་ཡོན་རྫོང་དུ་དུད་ཚང་དབུལ་པོར་ལག་བསྟར་བྱེད་པའི“སྐར་མ་རིམ་པའི་ཡར་སྐུལ”ལམ་སྲོལ་འཚོལ་ཞིབ་བྱས་ཏེ“སྐར་མ་རིམ་པ་ལྔའི”དུད་ཚང་དབུལ་པོ་བདམས་ནས་གོས་འཁྲུ་འཕྲུལ་ཆས་སམ་ཡང་ན་བརྙན་འཕྲིན་སོགས་བྱ་དགའ་སྤྲད་པ་རེད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། མིག་སྔར“སྐར་མ་རིམ་པའི་ཡར་སྐུལ”ལམ་སྲོལ་དེ་སི་ཁྲོན་རྔ་པ་བོད་རིགས་ཆའང་རིགས་རང་སྐྱོང་ཀྲོའུ་ཧུང་ཡོན་རྫོང་སྦྲ་ཆེན་གྲོང་རྡལ་རི་རྒན་གྲོང་ཚོར་ཚོད་ལྟ་བྱས་ཤིང་། གྲོང་ཚོ་ཡོངས་ཀྱི་དུད་ཚང་དབུལ་པོ་56ལ“སྐར་མ་གཅིག”ནས“སྐར་མ་ལྔ”བར་གྱི“སྐར་མ་རིམ་པའི་ཡར་སྐུལ”གདེང་འཇོག་མ་ལག་བཙུགས་པ་དང་མཐོ་ཤོས་ལ“སྐར་མ་ལྔ”དང་དམའ་ཤོས་ལ་སྐར་མ་གཅིག་བདམས་ཡོད།
         “དེའི་དམིགས་ཡུལ་ནི་དུད་ཚང་དབུལ་པོའི་དབུལ་སྒྲོལ་གྱི་སྒུལ་ཤུགས་ཆེ་རུ་གཏོང་ཆེད་ཡིན་པ་དང་། མིག་སྔར་སྐར་མ་རྒྱག་པའི་མ་ལག་ཆ་ཚང་ཞིག་ཆགས་ཡོད་པ་དཔེར་ན། གྲོང་གསེབ་ཀྱི་ལས་དོན་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་། སྒྲིག་བཀུར་ཁྲིམས་སྲུང་བྱེད་པ། རང་འགུལ་ངང་དབུལ་སྒྲོལ་ཡོང་ཐབས་བྱེད་པ། ཁྱིམ་ཚང་འཆམ་མཐུན་ཡོད་པ། ཁོར་ཡུག་འཕྲོད་བསྟེན་ལ་སྲུང་སྐྱོང་བྱ་རྒྱུར་སྣང་ཆེན་བྱེད་པ་བཅས་ཀྱི་ཆ་རྐྱེན་དང་འཚམ་པའི་དུད་ཚང་དབུལ་པོ་རྣམས‘སྐར་མ་ལྔའི’ཚད་གཞིར་གཏན་འཁེལ་བྱས་ཡོད”ཅེས་སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ་རི་རྒན་གྲོང་ཚོའི་ཧྲུའུ་ཅི་ཨང་དང་པོ་ཞུང་ཧྭ་མིང་གིས་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཧུང་ཡོན་རྫོང་གི་དབུལ་སྒྲོལ་ཞྭ་མོ་འབུད་རྒྱུར་རམ་འདེགས་བྱ་ཆེད། སི་ཁྲོན་ཞིང་ཆེན་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ཀྱིས་ད་དུང་《ཧུང་ཡོན་རྫོང་ལ་གནས་གཏན་འཁེལ་གྱིས་རོགས་སྐྱོར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི“གཅིག་རེ་དྲུག”གི་སྟོན་དུས་ཀྱི་ལས་དོན་སྤེལ་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི་》བཏོན་ནས་ཧུང་ཡོན་རྫོང་ལ་དབུལ་སྒྲོལ་བྱ་རྒྱུར་རམ་འདེགས་བྱས་པ་རེད།
         ཧུང་ཡོན་རྫོང་གི་འབྲེལ་ཡོད་འགན་འཁུར་བས“སྐར་མ་རིམ་པའི་ཡར་སྐུལ”ལམ་སྲོལ་གྱི་དཔྱད་བསྡུར་གཏན་འབེབས་བྱས་པ་བརྒྱུད་དུད་ཚང་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་ཞུགས་པའི་སྤྲོ་སེམས་ཆེ་རུ་ཕྱིན་པས་བྱེད་སྟངས་དེ་རིགས་རྫོང་ཡོངས་སུ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།