འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་11ཉིན། 14:52】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། རྒྱལ་ཡོངས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་དངོས་སུ་སྤྱོད་འགོ་ཚུགས་པ་དང་། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་ཟུར་བཙུགས་རྩིས་ཁྲ་ཞིབ་ལ་ཆ་ཚང་བ་ཞིག་འཛུགས་རྒྱུ་ཡིན་པ་དང་། ས་གནས་ཁག་གི་དམངས་སྲིད་སྡེ་ཁག་གིས་ད་ལོའི་ཟླ་བ་11པའི་ཟླ་མཇུག་གོང་དུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་འཚོལ་བསྡུ་ཕབ་འཇུག་དང་ཞིབ་བཤེར་ཡར་འབུལ་ལས་དོན་ལེགས་འགྲུབ་བྱ་དགོས་པ་རེད།
         དམངས་སྲིད་པུའི་པུའུ་ཀྲང་གཞོན་པ་ཀའོ་ཞའོ་པིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིར་སྒྲིགས་འཛུགས་བྱས་ནས་གསར་གཏོད་བྱས་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་དོ་དམ་མ་ལག་ལ་གཞི་གྲངས་ཕབ་འཇུག་དང་། ཞིབ་བཤེར་ཡར་འབུལ། སྤྱི་བསྡོམས་དབྱེ་ཞིབ་སོགས་ཀྱི་བྱེད་ལས་དཔེ་དུམ་འདུས་ཡོད་པས། མ་མཐའི་འཚོ་བའི་འགན་སྲུང་ཆ་འཕྲིན་མ་ལག་དང་། ཡིག་ཚགས་དང་གཱ་བཟོ་བའི་དབུལ་པོའི་ཁྱིམ་དུད་ཀྱི་ཆ་འཕྲིན་མ་ལག དབང་པོ་སྐྱོན་ཅན་གྱི་ཆ་འཕྲིན་དོ་དམ་མ་ལག་བཅས་ཀྱི་གཞི་གྲངས་དང་མཉམ་སྤྱོད་མངོན་འགྱུར་བྱས་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་གཞི་གྲངས་གསར་བསྒྱུར་དང་ཞིབ་བསྡུར། སྡེབ་སྒྲིག་འདྲི་རྩད། དུས་གཏན་བརྡ་ཁྱབ། དུས་ལྟར་སྙན་འབུལ་སོགས་ཀྱི་ལས་ཀ་བྱ་རྒྱུར་ལས་སྟེགས་འདེབས་སྐྱོར་བློས་བཀལ་ཆོག་པ་དང་། ལག་རྩལ་འགན་སྲུང་ནུས་ལྡན་འདོན་སྤྲོད་བྱས་ནས་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པའི་ཆ་འཕྲིན་ཟུར་བཙུགས་རྩིས་ཁྲ་ཞིབ་ལ་ཆ་ཚང་བ་བཙུགས་ཏེ་སྤྱི་ཚོགས་ཀྱི་ཐོན་ཁུངས་མཐུད་འབྲེལ་ནུས་ལྡན་བྱེད་པར་སྐུལ་འདེད་བཏང་ནས་གཞིས་ལུས་བྱིས་པར་གནད་སྨིན་བྱམས་སྐྱོང་དང་། གནད་སྨིན་རོགས་སྐྱོར། གནད་སྨིན་སྲུང་སྐྱོང་བཅས་བྱེད་པར་དོན་སྙིང་གལ་ཆེན་ལྡན་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།