འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཧ་སག་སི་ཐན་གྱིས་མཉམ་དུ་པར་ལེན་ཐོག་མར་བྱས་པའི་པར་གཞི་《རོལ་
    དབྱངས་མཁས་པ་》ཡི་ཀྲུང་གོའི་པར་ལེན་མཛད་སྒོ་ཡན་ཨན་དུ་ཐོག་མ་གཉེར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། ཀྲུང་གོ་དང་ཧ་སག་སི་ཐན་གྱིས་མཉམ་དུ་པར་ལེན་ཐོག་མར་བྱས་པའི་པར་གཞི་《རོལ་དབྱངས་མཁས་པ་》ཚེས་10ཉིན་གྱི་སྔ་དྲོར་ཡན་ཨན་ཆའོ་ཨེར་ལུང་ཤུར་གྱི་ལུའུ་ཤུན་རིག་རྩལ་མཛའ་གྲོགས་ལྷན་ཚོགས་འཛུགས་ཡུལ་རྙིང་པར་ཀྲུང་གོའི་པར་ལེན་གྱི་མཛད་སྒོ་ཐོག་མ་དེ་གཉེར་བ་རེད། མཛད་སྒོར་《རོལ་དབྱངས་མཁས་པ་》ཡི་པར་གཞི་བཟོ་མཁན་ཀྲུང་གོའི་བཀྲག་མདངས་པར་ལེན་ལས་རིགས་དང་ཧ་སག་སི་ཐན་རྒྱལ་ཁབ་གློག་བརྙན་ཚོགས་པའི་འཐུས་མི་དང་། ཀྲུང་གོ་དང་ཧ་སག་སི་ཐན་གྱི་རྒྱལ་ཁབ་གཉིས་པོའི་གློག་བརྙན་ལས་རིགས། གསར་འགྱུར་ལས་རིགས་སོགས་ཀྱི་འཐུས་མིའང་ཞུགས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། 《རོལ་དབྱངས་མཁས་པ་》ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དབར་གློག་བརྙན་པར་ལེན་མཉམ་ལས་གྲོས་མཐུན་བཞག་པའི་འགོ་ཚུགས་རྣམ་གྲངས་ཤིག་ཡིན་ལ། ཀྲུང་གོ་དང་ཧ་སག་སི་ཐན་རྒྱལ་ཁབ་གཉིས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཁྱབ་ཁོངས་ཀྱི་ཕྱོགས་གཉིས་པོའི་མཉམ་ལས་ཀྱི་རྣམ་གྲངས་གཙོ་བོ་ཞིག་ཀྱང་རེད།
      

    ཕྱོགས་བསྡུས་གསར་འགྱུར།