འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།པར་རིས་ནང་གི་ཀྲུང་གོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། སྤེལ་བའི་ཧྥིན་ལན་ཁུའུ་ས་མོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་པར་ལེན་དུས་ཆེན་ལ་ཁྱོན་ཧྥིན་ལན་དང་། སུའེ་ཏེན། ཨུ་རུ་སུ། ནོར་ཝེ། ཀྲུང་གོ་བཅས་ཀྱི་པར་རྒྱག་མཁས་ཅན་300ལྷག་ཙམ་ཞུགས་ཏེ་འཛམ་གླིང་ས་ཆ་ཁག་གི་རང་བྱུང་མཛེས་ལྗོངས་མཚོན་པའི་འདྲ་པར་སྟོང་ཕྲག་ཁ་ཤས་འགྲེམས་སྟོན་བྱས་པ་རེད། ཀྲུང་གོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོང་དང་རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་ཀྲུང་གོའི་པར་རྒྱག་མཁས་ཅན་ཞེ་ཅན་གོ་སོགས་ཀྱིས“རང་བྱུང་པར་རིས་ཀྱི་ཀྲུང་གོ”ཞེས་པའི་རྣམ་གྲངས་སྤེལ་ནས་རྒྱལ་སྤྱིའི་ཕུལ་བྱུང་པར་རྒྱག་མཁས་ཅན་ཀྲུང་གོའི་བདག་ཏུ་མ་བཟུང་བའི་སྲོག་ཆགས་འཚོ་གནས་ཁུལ་དུ་གདན་དྲངས་ནས་པར་ལེན་དང་སྤེལ་རེས་བྱས་པས་འབྲེལ་ཡོད་སྲིད་གཞུང་དང་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་ཐོབ་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།