འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྟོན་གྱི་སྤྲོ་གསེང་གཟའ་འཁོར་རིང་བོད་ཀྱིས་ཡུལ་སྐོར་བ་མི་ཁྲི་120ལ་སྣེ་ལེན་ཞུས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་10ཚེས་10ཉིན། བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཟླ་10ཚེས་1ནས་ཚེས་8ཉིན་བར་རིམ་རྩིས་བྱས་ན་བོད་ཀྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་120.5ལ་སྣེ་ལེན་ཞུས་པའི་ནང་ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་48.2དང་ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་72.3ལ་སྣེ་ལེན་ཞུས་པས། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་5.89བྱུང་བ་རེད།
         “རྒྱལ་སྟོན”གྱི་སྤྲོ་གསེང་གཟའ་འཁོར་རིང་ཡུལ་སྐོར་བྱ་ཡུལ་གཙོ་བོར་གྱུར་པའི་གཙུག་ལག་ཁང་དང་བར་སྐོར་དུ་ཡུལ་སྐོར་བ་ནམ་མཁའི་སྐར་མ་ས་གཞིར་འཕོས་པ་བཞིན་མཆིས་པ་དང་ལྟ་བས་མི་ངོམ་པའི་མི་རིགས་ལག་ཤེས་བཟོ་རྫས་ཀྱིས་འཛམ་གླིང་ས་ཕྱོགས་ཁག་གི་ཡུལ་སྐོར་བའི་ཡིད་ཀྱི་དབང་པོ་ཅིག་ཅར་འཕྲོག ཕོ་བྲང་པོ་ཏ་ལའི་འགྲམ་གྱི་ཡུལ་སྐོར་ལས་དོན་ཁང་དུའང་བློ་འདྲི་བྱེད་པར་ཡོང་མཁན་ཡུལ་སྐོར་བ་མི་ཉུང་བ་ཞིག་ཡོད།
        འདི་ལོའི་རྒྱལ་སྟོན་དང་ཟླ་མཆོད་དུས་ཆེན་རིང་ངལ་གསོ་ཉིན་8ཡོད་པར་དམིགས་ཏེ་བོད་ལྗོངས་ཡུལ་སྐོར་སྡེ་ཚན་གྱིས་ཡུལ་སྐོར་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་བྱེད་པ་དང་། ངལ་གསོའི་རིང་གི་ཡུལ་སྐོར་རྣམ་གྲངས་ཕུན་སུམ་ཚོགས་སུ་གཏོང་བ། དེས་མ་ཚད་གྲོང་གསེབ་ཡུལ་སྐོར་དང་། རིག་གནས་ཡུལ་སྐོར། དམངས་སྲོལ་ཡུལ་སྐོར་སོགས་ཡུལ་སྐོར་བྱེད་སྒོ་ཁྱབ་གདལ་བཏང་ཡོད། ངལ་གསོའི་རིང་ལྷ་ས་གྲོང་ཁྱེར་གྱི་སྐར་མ་རིམ་པའི་གསོལ་མགྲོན་ཁང་དུ་འགྲུལ་པ་ཞག་སྡོད་བྱེད་ཚད་66%ཟིན་གྱི་ཡོད་པ་རེད།
         འགྲིམ་འགྲུལ་གྱིས་བར་ཐག་ཐུང་དུ་བཏང་བས། ཡུལ་སྐོར་དུ་འགྲོ་སྟབས་བདེ་རུ་སོང་ཡོད། ཟླ་10ཚེས་1ཉིན་བོད་ཀྱི“ལོ་ལྔ་ཚན་བཅུ་གཉིས་པའི”གཙོ་གནད་རྣམ་གྲངས་ཏེ། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་འབྲེལ་བའི་ལྷ་ཉིང་རིམ་མཐོའི་གཞུང་ལམ་དུ་རླངས་འཁོར་ཚོད་གཏོང་བྱེད་འགོ་ཚུགས་པ་དེ་ལས་ལྷ་ས་ནས་ཉིང་ཁྲིའི་བར་རླངས་འཁོར་གཏོང་བའི་དུས་ཚོད་སྔོན་མའི་ཆུ་ཚོད་8ནས་ད་ལྟའི་ཆུ་ཚོད་5བར་ཐུང་དུ་ཕྱིན་པ་མཚོན་ཡོད། གྲོང་མི་དང་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་རླངས་འཁོར་བཏང་ནས་ཉིང་ཁྲིར་བསྐྱོད་དེ་ས་མཐོའི་སྟོན་དུས་ཀྱི་མཛེས་ཉམས་ལོངས་སུ་སྤྱད་ཡོད།
         བསྡོམས་རྩིས་བརྒྱབ་པར་གཞིགས་ན། དུས་ཆེན་རིང་བོད་ལྗོངས་ཡུལ་སྐོར་ཁྲིམས་འཛིན་སྤྱི་ཁྱབ་རུ་ཁག་ལ་བློ་འདྲིའི་ཁ་པར་ཐེངས་42དང་ཞུ་གཏུག་ཁ་པར་ཐེངས་28འབྱོར་བ་དེ་དག་ཚང་མ་ཐག་གཅོད་བྱས་ཟིན། བོད་ལྗོངས་འདི་ཉིད་དུས་ཆེན་རིང་དུས་བདེ་ཞི་མཐུན་གྱི་ཡུལ་སྐོར་དམིགས་སའི་གྲས་སུ་གྱུར་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།