འཚོལ་བཤེར།   
藏文频道
2017ལོའི་ཟླ་10ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་བོད་སྨན་ཁེ་ལས་དང་རྒྱལ་ཕྱིའི་སློབ་གླིང་བར་མཉམ་ལས་དྲན་ཐོ་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 10ཚེས་12ཉིན། 13:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་དུ། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སི་དང་ཨ་རིའི་ཅཱ་ཀྲོའུ་སློབ་ཆེན་ཧྲེང་ཏེ་ཡཱ་ཀེ་ཡན་ལག་སློབ་གྲྭའི་བར་མཉམ་ལས་དྲན་ཐོ་བཞག་པ་དང་། དེའི་ཐོག་ནས་མཚོ་སྔོན་འཇིགས་མེད་བོད་སྨན་རྒྱལ་སྤྱིར་བསྐྱོད་དེ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཞིབ་འཇུག་བྱེད་འགོ་བརྩམས་པ་མཚོན་ཡོད་པ་རེད།
         བོད་ཀྱི་གསོ་བ་རིག་པ་ནི་གངས་ལྗོངས་ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་ཚན་རིག་དང་མཐུན་པའི་རིག་གནས་ཤིན་ཏུ་གཏིང་ཟབ་ཅིག་ཡིན་ལ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་གསོ་རིག་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ནས་བོད་རིགས་ས་ཁུལ་གྱི་མང་ཚོགས་ཚོའི་བདེ་ཐང་འགན་ལེན་ཐད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། བོད་ལུགས་གསོ་རིག་མཚོ་སྔོན་ནས་ཐོན་ཏེ་འཛམ་གླིང་ཕྱོགས་སུ་སྐྱོད་ཆེད། ཉིན་ཤས་གོང་དུ། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སི་དང་ཨ་རིའི་ཅཱ་ཀྲོའུ་སློབ་ཆེན་ཧྲེང་ཏེ་ཡཱ་ཀེ་ཡན་ལག་སློབ་གྲྭའི་བར་མཉམ་ལས་དྲན་ཐོ་བཞག་པ་དང་། དེའི་ཐོག་ནས་མཚོ་སྔོན་འཇིགས་མེད་བོད་སྨན་རྒྱལ་སྤྱིར་བསྐྱོད་དེ་རྒྱལ་སྤྱིའི་ཚད་གཞི་ཅན་གྱི་ཞིབ་འཇུག་བྱེད་འགོ་བརྩམས་པ་མཚོན་ཡོད་པ་རེད།
         མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་གྱི་བོད་སྨན་ཞིབ་བཟོ་དང་། གསར་སྤེལ། ཐོན་སྐྱེད། ཕྱིར་འཚོང་། སྨན་བཅོས་ཞབས་ཞུ་བཅས་གཞི་གཅིག་ཏུ་བསྒྲིལ་བའི་བོད་སྨན་འབའ་ཞིག་ཐོན་སྐྱེད་བྱེད་མཁན་གྱི་ཁེ་ལས་ཤིག་ཡིན་ལ། མཚོ་བོད་ས་མཐོའི་སྲོག་ཆགས་དང་སྐྱེ་དངོས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པར་བརྟེན་ནས་སྲོལ་རྒྱུན་གྱི་འདུལ་སྦྱོང་རིག་པ་དང་དེང་རབས་ཀྱི་སྦྱོར་བཟོ་ལག་རྩལ་ཟུང་དུ་སྦྲེལ་ནས་བོད་སྨན་གྱི་ཐུན་མོང་མ་ཡིན་པའི་ཕན་ནུས་རྒྱུན་འཛིན་དང་འཕེལ་རྒྱས་གཏོང་གི་ཡོད་པ་རེད། ད་རེས་མཉམ་ལས་དྲན་ཐོ་བཞག་རྗེས། ཕྱོགས་གཉིས་ཀྱིས་བོད་ལུགས་གསོ་རིག་དང་། ཕྱོགས་བསྡུས་འཕྲོད་བསྟེན། བདེ་ཐང་སློབ་གསོ། བདེ་ཐང་ཡར་སྐུལ་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་འབྲེལ་བ་འཛུགས་རྒྱུ་ཡིན་པ་རེད། ཅཱ་ཀྲོའུ་སློབ་ཆེན་ཧྲེང་ཏེ་ཡཱ་ཀེ་ཡན་ལག་སློབ་གྲྭས་མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སིར་ནད་ཐོག་ཞིབ་འཇུག་སྐོར་གྱི་ཆེད་ལས་ཤེས་བྱ་དང་བློ་འདྲིའི་ཞབས་ཞུ་མཁོ་འདོན་བྱས་ནས་ཁེ་བེད་བདག་ཐོབ་ཀྱི་བོད་སྨན་གསར་པར་ཨ་རིའི་ཁེ་བེད་བདག་ཐོབ་རེ་ཞུ་བྱེད་རོགས་བྱ་རྒྱུ་ཡིན་པ་དང་། མཚོ་སྔོན་འཇིགས་མེད་བོད་སྨན་སྨན་ལས་ཚད་ཡོད་ཀུང་སིས་དགེ་རྒན་དང་། སློབ་མ། ཞིབ་འཇུག་པ་བཅས་མངགས་ནས་ནད་ཐོག་ཞིབ་འཇུག་གི་རྒྱུན་མཐུད་སློབ་གསོ་སྤེལ་རྒྱུ་ཡིན་པ་མ་ཟད། ད་དུང་བཞུགས་མོལ་ཚོགས་འདུ་དང་། བགྲོ་གླེང་ཚོགས་འདུ། ཚོགས་འདུ་སོགས་ཚུད་པའི་རྒྱལ་སྤྱིའི་སྤེལ་རེས་ཀྱང་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།