འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ཁམ་བུ་ཁྲེའི་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཆེ་ཤོས་ཀྱིས་ཆུ་གསོག་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་25ཉིན། ཁམ་བུ་ཁྲེའི་ཆུ་ཤུགས་གློག་ཁང་གི་ལས་གྲྭ་ཆེ་ཤོས་ཡིན་པའི་སང་ཧོ་རིམ་གཉིས་ཆུ་ཤུགས་གློག་ཁང་དུ་ཆུ་གསོག་པའི་མཛད་སྒོ་ཁམ་བུ་ཁྲེའི་ཧྲང་ཏིང་ཞིང་ཆེན་དུ་གཉེར་ནས་ཟླ་བཅུ་གཅིག་པར་གློག་གཏོང་རྒྱུར་རྨང་གཞི་བཏིང་ཡོད། རྣམ་གྲངས་དེ་ཀྲུང་གོ་དང་། ཝེ་ཐེ་ནམ། ཁམ་བུ་ཁྲེ་བཅས་རྒྱལ་ཁབ་གསུམ་གྱི་ཁེ་ལས་ཀྱིས་མཉམ་དུ་མ་རྩ་བཏང་ནས་གསར་སྤེལ་བྱས་པ་ཞིག་རེད།
         ཁམ་བུ་ཁྲེའི་དབུ་བཞུགས་བློན་ཆེན་ཧོང་སེན་དང་། ཁམ་བུ་ཁྲེར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཞུང་པོ། ཁམ་བུ་ཁྲེའི་གཏེར་ཁ་དང་ནུས་རྒྱུའི་བློན་ཆེན་སུའེ་སེན། ཀྲུང་གོ་ཧྭ་ནུས་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཧོང་ཡུང་ཏ་སོགས་ཉིན་དེའི་མཛད་སྒོར་ཞུགས་པ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། སང་ཧོ་རིམ་གཉིས་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ནས་གློག་འདོན་ཚད་བསྡོམས་འབོར་ཆན་ཝ་ཁྲི་40ཟིན་པ་དང་2013ལོ་ནས་བསྐྲུན་འགོ་ཚུགས་ཡོད། འཆར་གཞི་བྱས་ན་འདི་ལོའི་ཟླ་བཅུ་གཅིག་པར་འཕྲུལ་ཙུའུ་དང་པོ་ནས་གློག་གཏོང་ཐུབ་རྒྱུ་རེད། 2018ལོའི་ཟླ་བཅུ་པའི་ཟླ་མཇུག་ཏུ་འཕྲུལ་ཙུའུ་8ཚང་མ་ནས་གློག་གཏོང་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།