འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་68ལྷག་ལ་ལྟ་སྐྱོང་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:47】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་གཅེས་སྐྱོང་སྲུང་སྐྱོང་ལས་དོན་པུའུ་དབར་གྱི་མཉམ་ཞུགས་ཚོགས་འདུ་གཞུང་ལས་ཁང་གིས་ཟླ་9ཚེས་25ཉིན་ཁྱབ་བསྒྲགས་བྱས་པའི་གནས་ཚུལ་ལས་མངོན་པ་ལྟར་ན།
         2016ལོའི་ཟླ་11པ་ནས་2017ལོའི་ཟླ་8པའི་ཟླ་མཇུག་བར།
         རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པར།
         “མཉམ་དུ་ཤུགས་བཏོན་ནས་ལྟ་སྐྱོང་གིས་འཚར་ལོངས་ཡོང་བར”བྱེད་པའི་གཅེས་སྐྱོང་སྲུང་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཚུན། ལྟ་སྐྱོང་མེད་པ་དང་ཕ་མའི་ཕྱོགས་གཅིག་ལ་ལྟ་སྐྱོང་གི་ནུས་པ་མེད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་ཁྲི་68ལྷག་ལ་ལྟ་སྐྱོང་ནུས་ལྡན་ཐོབ་པ་རེད།
         ཆེད་དོན་བྱ་སྤྱོད་ཀྱིས་རིམ་ཁག་སློབ་གསོ་སྡེ་ཚན་ལ་སྐུལ་མ་བཏང་ནས་སློབ་ཤོར་རམ་སློབ་མཚམས་བཞག་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་11821སློབ་གྲྭར་ལོག་ཐུབ་པར་རོགས་རམ་བྱས་པ་དང་། རིམ་ཁག་སྤྱི་བདེ་སྡེ་ཚན་གྱིས་ཐེམ་ཐོ་མེད་པའི་གྲོང་གསེབ་ཀྱི་གཞིས་ལུས་བྱིས་པ་125377ལ་ཐེམ་ཐོའི་འགྲོ་ལུགས་གཉེར་བ། འགན་འཁྲི་མི་འཁུར་མཁན་ཕ་མ་90822ལ་སྐྱོན་བརྗོད་སློབ་གསོ་བརྒྱབ་པ་དང་མི་282ལ་བདེ་འཇགས་དོ་དམ་གྱི་ཆད་པ་བཅད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།