འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་དུ་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་བྱེད་ཁོངས་ཞིང་ཆེན་31
    བར་མང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་27ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་འགན་བཅོལ་ཞབས་ཞུ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔར་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་31དང་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་ཀྱི་དྲ་སྦྲེལ་རྩིས་རྒྱག་ཞབས་ཞུའི་བགྲོད་ལམ་བཏོད་ཡོད། གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་མི་སྣས་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་ཀྱི་གནས་གཏན་འཁེལ་གྱི་སྨན་བཅོས་སྒྲིག་གཞིར་བསྡད་དེ་སྨན་བཅོས་བྱས་ན་སྨན་རིན་དག་ཡུལ་གཞན་གྱི་དྲ་སྦྲེལ་བརྒྱུད་རྩིས་རྒྱག་ཆོག་གི་ཡོད་པ་རེད།
        2017ལོའི་ཟླ་3ཚེས་1ཉིན། མཚོ་སྔོན་ཞིང་ཆེན་གྱི་ས་གནས་གཞན་དུ་སྨན་བཅོས་རྩིས་རྒྱག་མ་ལག་རྒྱལ་ཡོངས་ཀྱི་ས་གནས་གཞན་དུ་སྨན་བཅོས་རྩིས་རྒྱག་མ་ལག་དང་དངོས་སུ་སྦྲེལ་མཐུད་བྱས་པ་དང་ཞིང་ཆེན་རིམ་པ་དེ་གས་དང་ཐོག་པེ་ཅིང་དང་། ཐེན་ཅིང་། ཧྲན་ཏུང་། ཅང་སུའུ། སི་ཁྲོན་བཅས་ཞིང་ཆེན(གྲོང་ཁྱེར)ལྔ་དང་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་ཀྱི་དྲ་སྦྲེལ་རྩིས་རྒྱག་ལས་སྒོ་སྤེལ་བ་དང་ཕྱིས་སུ་སྨན་བཅོས་ཁྱབ་ཁོངས་རིམ་བཞིན་ཆེ་རུ་གཏོང་རྒྱུ་རེད།
         ལས་སྒོ་གཉེར་སྒྲུབ་ཚོམས་ཆེན་ནས་གསར་འགོད་པར་ཞིང་ཆེན་བརྒལ་ནས་ས་གནས་གཞན་དུ་སྨན་བཅོས་ཀྱི་དྲ་སྦྲེལ་རྩིས་རྒྱག་ཐོ་འགོད་ལས་སྒོ་སྤེལ་བར་སླེབས་པའི་ཟི་ལིང་གྲོང་ཁྱེར་གྱི་གྲོང་མི་ཀྲང་ཧུང་ལི་འཕྲད་བྱུང་། ཁོང་གིས་ངའི་པཱ་ལགས་1990ལོར་མཚོ་སྔོན་དུ་ལས་འཁྱུར་ངལ་གསོ་བསྐྱོན་རྗེས་ཕ་ཡུལ་ཨན་ཧུའེ་ལ་ཕྱིར་ལོག་གནང་སོང་། དེ་སྔོན་ཨན་ཧུའེ་རུ་སྨན་ཁང་ལ་ཞུགས་སྐབས་སྨན་ཁང་དུ་ཞུགས་པའི་སྨན་རིན་རང་ཉིད་ཀྱིས་སྔ་འདོན་བྱེད་དགོས་པ་དང་འགྲོ་ལུགས་གཉེར་རྗེས་མཚོ་སྔོན་དུ་རྩིས་ཞུ་བྱེད་པར་སྐྱོད་དགོས་ཀྱི་འདུག་ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།