འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་དྲ་སྦྲེལ་མཐུན་ཚོགས་ཀྱིས་རབས་རྗེས་མའི་དྲ་སྦྲེལ་འགྲན་སློང་ལ་ཁ་གཏད་གཅོག་
    དགོས་པའི་ནན་བཤད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་། རྒྱལ་སྤྱིའི་དྲ་སྦྲེལ་མཐུན་ཚོགས་ཀྱིས་དྲ་སྦྲེལ་གྱི་འབྱུང་འགྱུར་འཚོལ་ཞིབ་དམིགས་ཡུལ་དུ་བྱས་པའི་ལོ་འཁོར་སྙན་ཞུ་ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་རབས་རྗེས་མའི་དྲ་སྦྲེལ་གྱི་འགྲན་སློང་དང་གོ་སྐབས་མཚོན་པ་དང་འབྲེལ་ལག་རྩལ་མགྱོགས་མྱུར་འཕེལ་རྒྱས་བྱུང་བ་ལས་ཐོན་པའི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་གྲ་སྒྲིག་ཡག་པོ་བྱེད་དགོས་ཞེས་ནན་བཤད་ཀྱང་བྱས་པ་རེད།
         འགོ་བརྗོད་དུ“གྲངས་འཛིན་གྱི་འབྱུང་འགྱུར་ལམ་དུ་སྐྱོད”ཅེས་འཁོད་པའི་2017ལོའི་གོ་ལ་ཧྲིལ་པོའི་དྲ་སྦྲེལ་སྙན་ཞུའི་ནང་དྲ་སྦྲེལ་ཐོན་པ་ནས་བཟུང་ཕྱོགས་གང་ས་ཅི་ཐད་ནས་འཛམ་གླིང་ལ་འགྱུར་ལྡོག་བཏང་ཡོད་ཅེས་བཤད་ཡོད། སྙན་ཞུའི་ནང་མ་འོངས་ལོ་5ནས་7ནང་ཚུན་དུ་དྲ་སྦྲེལ་གྱི་འཕེལ་རྒྱས་གནས་ཚུལ་ལ་དཔྱད་བསྡུར་བྱས་པ་དང་ཆབས་ཅིག འབྱུང་འགྱུར་ལ་འགྱུར་ལྡོག་ཐེབས་པའི་རྒྱུ་རྐྱེན་ལས་མིས་བཟོས་རིག་ནུས་དང་། དྲ་རྒྱའི་འཇིགས་སྐུལ། དྲ་སྦྲེལ་གྱི་ཚད་གཞི། ཟོག་འགྲེམས་དྲ་རྒྱ། དྲ་རྒྱའི་དཔལ་འབྱོར། དེ་བཞིན་སྲིད་གཞུང་གི་ཉིན་རེ་ལས་མ་འདས་པའི་གལ་ཆེའི་ནུས་པ་སོགས་ཚུད་ཡོད་ཅེས་འཁོད་ཡོད། སྙན་ཞུའི་ནང“འཕོ་འགྱུར་གྱི་སྒུལ་ཤུགས”དེ་དག་གིས་གྲངས་འཛིན་གྱི་འགལ་རྐྱེན་ཆེན་པོ་དང་། མི་སྒེར་གྱི་རང་དབང་དང་དབང་ཆ། སྨྱན་སྦྱོར་དང་སྤྱི་ཚོགས་སོགས་ཀྱི་འགག་རྩའི་གནད་དོན་ཐད་ཤུགས་རྐྱེན་གལ་ཆེན་ཐེབས་རྒྱུ་རེད་ཅེས་འཁོད་ཡོད།
        འོན་ཀྱང་མི་མང་པོས་འབྱུང་འགྱུར་གྱི་དྲ་སྦྲེལ་ལག་རྩལ་འཕེལ་རྒྱས་ལ་སེམས་ཁྲལ་བྱེད་ལུགས་མཚོན་ཡོད། དེའི་ཐད་སྙན་ཞུའི་ནང་ཚོང་ལས་དང་། ཁ་པའི་རྩ་འཛུགས། སྲིད་གཞུང་སོགས་ཁྱབ་ཁོངས་མང་པོར་ཉེན་ཁར་ཁ་གཏད་གཅོག་པའི་གྲོས་འགོ་བཏོན་ཡོད། དེའི་དམིགས་ཡུལ་ནི་མ་འོངས་དྲ་སྦྲེལ་གྱིས་སྤྱོད་མཁན་སྲོག་ཤིང་དུ་འཛིན་པ་དང་མི་ཡོངས་ལ་ཕན་པ་ཐོབ་པའི་ཁ་ཕྱོགས་ལས་མི་འགལ་བ་བྱ་ཆེད་རེད།
         རྒྱལ་སྤྱིའི་དྲ་སྦྲེལ་མཐུན་ཚོགས་ནི་དྲ་སྦྲེལ་གྱི་སྔོན་བྱོན་པས་བཙུགས་པའི་ཁེ་གཉེར་གྱི་དམིགས་ཡུལ་མིན་པའི་རྩ་འཛུགས་ཤིག་ཡིན་པ་དང་འདི་ལོ་རྩ་འཛུགས་དེ་བཙུགས་ནས་ལོ་25འཁོར་བའི་ལོ་ལ་སླེབས་ཡོད། རྩ་འཛུགས་དེས་དྲ་སྦྲེལ་གྱི་ལྟེ་བའི་རིན་ཐང་ལྟ་བ་ནི་གོ་ལ་ཧྲིལ་པོ་དང་། སྒོ་འབྱེད། བདེ་འཇགས། ཕན་ཚུན་སྦྲེལ་མཐུད་བཅས་ཡིན་པས་འཛམ་གླིང་ཡོངས་ཀྱི་མི་ཚང་མར་དེ་ལས་ཕན་པ་ཐོབ་པར་བྱེད་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།