འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་མ་ཏ་ཀ་སི་ཁར་རོགས་སྐྱོར་བྱེད་པའི"འོད་སྣང་བྱ་སྤྱོད"རྣམ་གྲངས་ལ་མིང་རྟགས་
    འགོད་པའི་མཛད་སྒོ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:14】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན། ཀྲུང་གོས་མ་ཏ་ཀ་སི་ཁར་རོགས་སྐྱོར་བྱེད་པའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ལ་མིང་རྟགས་འགོད་པའི་མཛད་སྒོ་ཚེས་19ཉིན་མ་ཏ་ཀ་སི་ཁར་གྱི་རྒྱལ་ས་ཐ་ན་ན་རི་ཝོ་རུ་འཚོགས་པ་རེད།
         མ་ཏ་ཀ་སི་ཁར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡང་ཞའོ་རུང་དང་། མ་ཏ་ཀ་སི་ཁར་གྱི་འཕྲོད་བསྟེན་པུའུ་ཀྲང་ཨན་ཏེ་ལི་ཡ་མ་ན་ལི་ཝུའུ། ཀྲུང་མ་ཕྱོགས་གཉིས་ཀྱི་འཕྲོད་བསྟེན་དང་དེ་བཞིན་སྨན་བཅོས་ཁྱབ་ཁོངས་ཀྱི་འཐུས་མི་40ལྷག་ཙམ་མིང་རྟགས་འགོད་པའི་མཛད་སྒོར་ཞུགས་པ་རེད།
         ཡང་ཞའོ་རུང་གིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཀྲུང་མ་རྒྱལ་ཁབ་གཉིས་པོའི་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ལོ་རྒྱུས་ཡུན་རིང་ལྡན་ཡོད། 1975ལོ་ནས་བཟུང་ཁག་ཐེངས་21ལ་ཕྱེ་བའི་ཀྲུང་གོའི་སྨན་པ་624ཡིས་མ་ཏ་ཀ་སི་ཁར་སྨན་བཅོས་རོགས་སྐྱོབ་ཀྱི་ལས་དོན་སྤེལ་བར་བསྐྱོད་ཡོད། ཁོང་རྣམ་པ་དང་མ་ཏ་ཀ་སི་ཁར་གྱི་སྨན་དོན་མི་སྣས་ཡུལ་དེ་གའི་ནད་པའི་སྡུག་བསྔལ་སེལ་བར་ལེགས་སྐྱེས་ཕུལ་ཡོད། ཁོང་རྣམ་པའི་མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་དང་ཆེད་ལས་ལག་རྩལ་ལ་ནད་པ་དང་མ་ཏ་ཀ་སི་ཁར་གྱི་ལས་རིགས་གཅིག་པའི་ཁས་ལེན་ཐོབ་ཡོད་ཅེས་བཤད།
         ཨན་ཏེ་ལི་ཡ་མ་ན་ལི་ཝུའུ་ཡིས་མིང་རྟགས་འགོད་པའི་མཛད་སྒོའི་ཐོག་སྐྱ་འགྲིབ་ནི་མ་ཏ་ཀ་སི་ཁར་དུ་ལོང་བར་འགྱུར་ཆེ་ཤོས་ཀྱི་ནད་རིགས་གྲས་ཤིག་རེད། ཀྲུང་གོའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ཀྱི་རིགས་གཅིག་མཁས་ཅན་སླེབས་པ་ནས་བཟུང་། མ་ཏ་ཀ་སི་ཁར་གྱི་སྐྱ་འགྲིབ་ཕོག་མཁན་ལ་སྨན་རིན་མི་དགོས་པའི་གཤགས་བཅོས་བྱས་པ་མ་ཟད། ཡུལ་དེ་གའི་སྨན་ཁང་ལ་སྨན་བཅོས་དང་དངོས་ཟོག་གི་རོགས་སྐྱོར་ཡང་བྱས་ཡོད་ཅེས་བཤད།
         ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྲུང་གོས་མ་ཏ་ཀ་སི་ཁར་རོགས་སྐྱོར་བྱེད་པའི“འོད་སྣང་བྱ་སྤྱོད”རྣམ་གྲངས་ཟླ་བཅུ་གཅིག་པར་དངོས་སུ་སྤེལ་འགོ་འཛུགས་རྒྱུ་ཡིན་པས་སྐབས་དེ་དུས་ཀྲུང་གོའི་རིགས་གཅིག་མཁས་ཅན་གྱིས་མ་ཏ་ཀ་སི་ཁར་གྱི་སྐྱ་འགྲིབ་ཕོག་མཁན་200ཙམ་ལ་གཤགས་བཅོས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།