འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི"ཡུལ་སྲོལ་གྱིས་ཕྱུག་པའི་སློབ་གཞི"རྒྱང་ཁྲིད་སློབ་གསོའི་ལས་སྟེགས་ཐོག་
    བཏོན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་འགོད་པར་མཚོ་སྔོན་ཞིང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། མཚོ་སྔོན་གྱིས་སྐད་གཉིས་སློབ་གཞི་འཚོལ་ཞིབ་དང་གསར་སྤེལ་བྱས་ཏེ། བྱེད་ཐབས་སྣ་ཚོགས་དང་ཐབས་ལམ་སྣ་མང་ཐོག་ནས“མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི”སློབ་ཁྲིད་ཐོན་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་ལ་རྒྱང་ཁྲིད་སློབ་གསོ་རྒྱུན་མཐུད་དང་ཕན་འབྲས་ཐོན་པའི་ངང་སྤེལ་རྒྱུར་སྐུལ་འདེད་བཏང་བ་རེད།
         ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཏང་རྩ་འཛུགས་དང་རྒྱང་ཁྲིད་སློབ་གསོའི་མཐའ་སྣེའི་ས་ཚིགས་ཀྱི་དོ་དམ་པ་དང་ཞིང་འབྲོག་མང་ཚོགས་འགའ་ཞིག་ལ་ཕྱོགས་ནས་བརྟག་དཔྱད་འདྲི་ཤོག་བཀྲམ་པ་དང་བཞུགས་མོལ་ཚོགས་འདུ་འཚོག་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ས་ཁོངས་མི་འདྲ་བ་དང་། ལས་རིགས་མི་འདྲ་བ། དུས་ཚིགས་མི་འདྲ་བའི་ཏང་ཡོན་ལས་བྱེད་པའི་སློབ་ཁྲིད་དགོས་མཁོར་བརྟག་དཔྱད་དང་དབྱེ་ཞིབ་བྱས་པ་རེད། དེའི་རྨང་གཞིའི་ཐོག་ལོ་འཁོར་གྱི་སློབ་ཁྲིད་སློབ་ཚན་གསར་སྤེལ་གྱི་ནང་དོན་གཙོ་བོར་གཏན་འཁེལ་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀའི་འཆར་གཞི་འགོད་པ་དང་ལུགས་དང་མཐུན་པའི་སྒོ་ནས་ཁྱད་ལྡན་སློབ་གཞིའི་སློབ་ཚན་རེ་ཞུའི་སྟོན་ཕྱོགས་རྩོམ་བཟོ་བྱས་པ་རེད།
         གོ་བདེ་བ་དང་། ཤེས་སླ་བ། སྤྱོད་ཐུབ་པ་བཅས་སློབ་གཞིའི་སློབ་ཚན་གྱི་སྤུས་ཚད་ལ་ཞིབ་བཤེར་བྱེད་པའི་ཚད་གཞི་གལ་ཆེན་དུ་བརྩིས་ཤིང་། འབྱུང་རྩའི་གནད་འགག་ལ་དམ་འཛིན་དང་ཁ་བྱང་གཟབ་ནན་གྱིས་བདམས་ནས་སློབ་ཚན་གྱི་ནང་དོན་ཆབ་སྲིད་ལས་མི་འགལ་བ་དང་། དྲིལ་བསྒྲགས་སྒྲིག་ཁྲིམས་ལས་མི་འགལ་བ། ཤུགས་རྐྱེན་ངན་པོ་མི་ཐོན་པ་བཅས་བྱས་པ་རེད། ཉམས་མྱོང་ཕུན་སུམ་ཚོགས་པའི་ཁར་ཆེད་ལས་ཤེས་བྱ་དང་ལག་ལེན་མང་པོ་ལྡན་པའི་རིགས་གཅིག་མཁས་ཅན་འདེམས་སྒྲུག་བྱས་ཏེ་སློབ་གཞིའི་ཐོན་ཁུངས་འཛུགས་སྐྱོང་གི་དཔྱད་ཞིབ་རིགས་གཅིག་མཁས་ཅན་ཚོགས་ཆུང་བཙུགས་ནས་ཁ་བྱང་གི་ཁྱབ་ཁོངས་དང་། མིང་། ནང་དོན། མཚོན་ཚུལ། སྨྱན་སྦྱོར་གདམ་ག རྩོམ་ཡུན་སོགས་ལ་རིམ་པ་བཞིན་ཞིབ་དཔྱད་བྱས་པ་མ་ཟད། གོང་ཞུ་བྱས་པའི་སློབ་ཁྲིད་གྱི་ནང་དོན་ལ་ལག་རྩལ་ཐོག་ནས་ཞིབ་དཔྱད་དང་། ནང་དོན་ཐོག་ནས་ཞིབ་བཤེར་གཏན་འཁེལ། སྤུས་ཚད་ལ་དཔྱད་འདེམས་བཅས་བྱས་པ་རེད།
         ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ་དང་། ས་མཐོའི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་གཏོད་པ། ཐོན་ལས་དང་ལས་ཞུགས་གཞན་སྒྱུར་ལ་ཁྲིད་སྟོན་བྱེད་པ་སོགས་ལ་དམིགས་ཏེ་མཚོ་སྔོན་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་སློབ་ཁྲིད་ནང་དོན་གསར་སྤེལ་བྱས་པ་རེད། ལོ་ལྟར་ཁམས་སྐད་དང་ཨ་མདོའི་ཡུལ་སྐད་གཉིས་ཀྱི་སློབ་གཞིའི་ནང་དོན་ཁག་100ལྷག་ཙམ་མི་རིགས་ཀྲོའུ་ལ་རིན་མེད་ངང་སྤྲད་པ་དང་འབྲེལ། རྩོམ་སྒྱུར་པར་གཞི་དག་ཏང་ཡོན་ལས་བྱེད་པའི་རྒྱང་ཁྲིད་སློབ་གསོའི་གློག་བརྙན་བརྙན་ལམ་དྲ་བ་དང་མཚོ་སྔོན་ཏང་འཛུགས་སྐྱོང་དྲ་བའི་ཐོག་བརྒྱུད་སྐུར་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ཏང་ཡོན་མང་ཚོགས་ལ་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུར་མཁོ་འདོན་བྱས་པ་རེད།
         དེ་དང་ཆབས་ཅིག གྲོང་ཁྱེར་དང་ཀྲོའུ་ཁག་ལ་ཞིང་འབྲོག་ཁུལ་གྱི་དོན་དངོས་དང་འཚམ་པ་དང་། གཞི་རིམ་གྱི་ཏང་ཡོན་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གྱི་ནང་དོན་དང་འཚམ་པ། ཞིང་འབྲོག་ཁུལ་གྱི་མང་ཚོགས་ཀྱི་སློབ་སྦྱོང་དགོས་མཁོ་དང་འཚམ་པའི་སྐད་གཉིས་ཀྱི“ཡུལ་སྲོལ་གྱིས་ཕྱུག་པའི་སློབ་གཞི”ཁག་གཅིག་རྩོམ་བཟོ་བྱ་རྒྱུར་ལྕག་སྐུལ་བྱས་པ་རེད། སྤུན་ཟླའི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་དང་སྤེལ་རེས་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་སྟེ་སློབ་གཞིའི་ཐོན་ཁུངས་མཉམ་སྤྱོད་བྱས་པ་རེད། ལོ་ལྟར་དགོས་གལ་ཧ་ཅང་ཆེ་བའི་སྤྱོད་གོ་ཆོད་པའི་ལག་རྩལ་དང་། ཚན་རིག་ཁྱབ་གདལ་ཤེས་བྱ། རིག་རྩལ་འཕྲོད་བསྟེན་རིགས་ཀྱི་ལེ་ཚན་དང་། ཨ་མདོའི་སྐད། ཁམས་སྐད། སོག་སྐད་སོགས་ཀྱི་གྲངས་ཉུང་མི་རིགས་སྐད་ཡིག་གི་སློབ་གཞིའི་ནང་དོན་ཁག་གཅིག་ནང་འདྲེན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།