འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨུའི"དར་གོས་ལམ་བུའི་དཔལ་འབྱོར་ཉོ་ཚོང་གི་སྤེལ་རེས་གླེང་མོལ"མོ་སི་ཁོ་རུ་
    འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཚེས་18ཉིན་གྱི་སྔ་དྲོ་ཀྲུང་ཨུའི“དར་གོས་ལམ་བུའི་དཔལ་འབྱོར་ཉོ་ཚོང་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་གླེང་མོལ”ཨུ་རུ་སུའི་རྒྱལ་ས་མོ་སི་ཁོ་རུ་འགོ་ཚུགས་པ་རེད། ཨུ་རུ་སུར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལི་ཧུའེ་དང་། ཨུ་རུ་སུའི་ཀྲུང་གོའི་མཛའ་གྲོགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་མའེ་ཅིན་ཚའེ་ཧྥུའུ། ཀྲུང་གོའི་སྤྱི་པའི་ཕྱི་འབྲེལ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཧུའུ་ཀྲེང་གཡོད། ཨུ་རུ་སུའི་སྲུང་སྐར་འཕྲིན་གཏོང་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཨང་དང་པོ་ཁེ་ཆེ་ཐེ་ཁོ་ཧྥུའུ་སོགས་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
         ལི་ཧུའེ་ཡིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས་ཀྲུང་ཨུ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་པས་2015ལོར་《དར་གོས་ལམ་བུའི་དཔལ་འབྱོར་ཁུལ་འཛུགས་སྐྲུན་དང་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མཉམ་འབྲེལ་འཛུགས་སྐྲུན་སྦྲེལ་མཐུད་མཉམ་ལས་ཀྱི་མཉམ་འབྲེལ་གསལ་བསྒྲགས་》ཐུན་མོང་ཐོག་སྤེལ་ཚུན། ཀྲུང་ཨུའི་སྦྲེལ་མཐུད་མཉམ་ལས་བྱས་པ་ལས་དཔལ་འབྱོར་ཉོ་ཚོང་ཁྱབ་ཁོངས་དང་། ནུས་རྒྱུའི་ཁྱབ་ཁོངས། དངུལ་རྩའི་ཁྱབ་ཁོངས། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་སྤེལ་རེས་ཁྱབ་ཁོངས། མཁའ་འགྲུལ་དང་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་སོགས་ལ་དགེ་མཚན་ལྡན་པའི་གྲུབ་འབྲས་ཐོབ་ཡོད། དེ་དང་དུས་མཚུངས། ཕྱོགས་གཉིས་པོའི་ཞིང་ལས་མཉམ་ལས་དང་། རྒྱལ་སྒྲོལ་གྱི་དྲ་ཐོག་ཚོང་དོན། མཐོ་གསར་ལག་རྩལ་ཐོན་རྫས་སོགས་ཁྱབ་ཁོངས་ལའང་གྲུབ་འབྲས་འགའ་ཞིག་ཐོབ་ཡོད་པས། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་བ་དང་། དཔལ་འབྱོར་ཉོ་ཚོང་མཉམ་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ཕྱོགས་གཉིས་པོའི་ཉོ་ཚོང་མཐུན་སྦྱོར་དང་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བརྗོད།
         ལི་ཧུའེ་ཡིས་ཀྲུང་ཨུས་ད་དུང“རྒྱལ་ཁབ་ལོ”དང་། “སྐད་ཡིག་ལོ”“ཡུལ་སྐོར་ལོ”“གཞོན་ནུའི་མཛའ་གྲོགས་སྤེལ་རེས་ལོ”སོགས་ཀྱི་བྱེད་སྒོ་ཕན་ཚུན་སྤེལ་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་འཕེལ་རྒྱས་གཏོང་བའི་སྤྱི་ཚོགས་དང་དམངས་འདོད་ཀྱི་རྨང་གཞི་བརྟན་དུ་བཏང་ཡོད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།