འཚོལ་བཤེར།   
藏文频道
2017ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཧོ་ལན་གྱི་མཛའ་གྲོགས་ཞིང་ ཆེན་དང་གྲོང་ཁྱེར་གྱི་ཚོགས་འདུ་ཧའེ་ཡཱ་རུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 09ཚེས་22ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་18ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། “མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི་ཀྲུང་གོ་དང་ཧོ་ལན་གྱི་མཛའ་གྲོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཚོགས་ཆེན”ཧོ་ལན་གྱི་གྲོང་ཁྱེར་ཧའེ་ཡཱར་འཚོགས་ཤིང་། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་དང་ཁེ་ལས་ཀྱི་འཐུས་མིས་སྤེལ་རེས་འཁྲུག་པོ་བྱས་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་སྒྲོམ་གཞིའི་འོག་གི་རྒྱལ་ཁབ་གཉིས་ཀྱི་ཞིང་ཆེན་དང་གྲོང་ཁྱེར་དབར་གྱི་ཕྱོགས་མང་མཉམ་ལས་ཀྱི་གོ་སྐབས་ལ་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
         ཀྲུང་གོ་དང་ཡོ་རོབ་མནའ་འབྲེལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཝུའུ་ཡུན་ཆི་མུའུ་ཀེས་ཚོགས་ཞུགས་འཐུས་མིར“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་ལག་ལེན་བྱས་ནས་ལོ་བཞི་ལྷག་སོང་རིང་རྒྱལ་སྤྱིའི་མཉམ་ལས་ལ་བསྣན་པའི་བསམ་བློ་གསར་པ་དང་སྒུལ་ཤུགས་གསར་པ་ངོ་སྤྲོད་གནང་ཞིང་། ཁོང་གིས་མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་བཅས་ཀྱི“རྒྱུད་གཅིག་ལམ་གཅིག”གིས་ལམ་རྒྱུད་རྒྱལ་ཁབ་ཚང་མར་སྒོ་འབྱེད་དང་། མཉམ་ལས། འཕེལ་རྒྱས་བཅས་ཀྱི་གོ་སྐབས་གསར་པ་ཕྲད་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ནི་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཀྲུང་གོ་དང་ཧོ་ལན་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་རོགས་ཟླའི་འབྲེལ་བ་མགྱོགས་མྱུར་འཕེལ་རྒྱས་འགྲོ་བའི་མཚམས་ཚིག་གལ་ཆེན་དང་སྐབས་འཁེལ་བས་ཕྱི་ཕྱོགས་ལ་རྒྱལ་ཁབ་གཉིས་ཀྱི་ས་གནས་སྲིད་གཞུང་གིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་ལ་མཉམ་དུ་སྐུལ་འདེད་བཏང་སྟེ་ལག་གདང་སྦྲེལ་ནས་རྒྱལ་སྤྱིའི་འབྲེལ་བ་གསར་པ་འཛུགས་རྒྱུའི་དགེ་མཚན་ལྡན་པའི་འཕྲིན་བརྡ་བཏང་ཡོད་པས་ཀྲུང་གོ་དང་ཧོ་ལན་རྒྱལ་ཁབ་གཉིས་དང་འཛམ་གླིང་ལ་ཧ་ཅང་གལ་འགངས་ཆེ་བའི་དོན་སྙིང་ལྡན་ཡོད་ཅེས་གསུངས།
         ཧོ་ཀྲུང་མཛའ་གྲོགས་མཐུན་ཚོགས་ཀྱི་ཚོགས་གཙོ་ཧེང་ཁེ·ཁོར་ཡིས“རྒྱུད་གཅིག་ལམ་གཅིག”ནི་ཀྲུང་གོ་དང་འཛམ་གླིང་ཡོངས་ཀྱི་ངོས་ནས་བརྗོད་ན་ཧ་ཅང་གལ་འགངས་ཆེ་བ་ཞིག་ཡིན་ལ། ཧོ་ལན་གྱི་ངོས་ནས་བརྗོད་ནའང་དེ་བས་གལ་འགངས་ཆེ་བ་ཞིག་ཡིན་པས་དེ་ལས་ཧོ་ལན་གྱི་དཔལ་འབྱོར་ལ་ཕན་པ་ཐོབ་རྒྱུ་རེད། ང་ཚོ་རྒྱལ་ཁབ་གཉིས་པོའི་ས་གནས་སྲིད་གཞུང་དང་ཁེ་ལས་ཀྱིས་ཀྱང་གོ་སྐབས་དམ་འཛིན་བྱས་ཏེ་ས་གནས་དེའི་ཁེ་ལས་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་སྣོན་དགོས་ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།